e-texts navigator
Collection
Volume
Page
Wylie

297b1 སེམས་ཅན་སུ་ལ་ཡང་གནོད་པར་མྱི་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གར་ཁྱེར་བ་དང་བདག་ཅག་ཀར་སོང་བ་ཡང་མྱི་ཤེས་མྱི་མཐོང་ངོ་།། ཕྱིར་ཡང་ཁྱེར་ཏེ་འོངས་ནས་སྔ་མའི་གནས་སུ་བཞག་ཀྱང་འགྲོ་བ་དང་།
297b2 འོང་བར་ཡང་མྱི་མངོན་ལ། སེམས་ཅན་གཞན་དག་གིས་འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་ཤེས་ཤིང་མཐོང་ངོ་།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས
297b3 དཔའ་སེམས་དཔའ་ཆེན་པོ་ནི་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་ལ་བྱ་བ་བཞིན་དུ་ཕྱོགས་བཅུར་འཇིག་རྟེན་གི་ཁམས་དེ་ལྟར་གྱེན་དུ་བོར་ནས། འཇིག་རྟེན་གི་ཁམས་ལྷག་མ་གཅིག་གི་ནང་དུ་འཇིག་རྟེན་གི་ཁམས་ཐམས་ཅད་ཆུད
297b4 པར་བྱེད་ཀྱང་། སེམས་ཅན་སུ་ལ་ཡང་གནོད་པར་མྱི་འགྱུར་ལ། སེམས་ཅན་དེ་དག་གྱིས་ཀྱང་བདག་ཅག་གར་ཁྱེར་བ་དང་། བདག་ཅག། གར་སོང་བ་མྱི་ཤེས་མྱི་མཐོང་ངོ་།། ཕྱིར་ཡང་ཁྱེར་ཏེ་འོངས་ནས་སྔ
297b5 མའི་གནས་སུ་བཞག་ཀྱང་འགྲོ་བ་དང་འོང་བར་ཡང་མྱི་མངོན་ལ། སེམས་ཅད་གཞན་དག་གིས་ནི་བྱ་བ་དེ་ལྟ་བུ་བསྟན་པ་ཤེས་ཤིང་མཐོང་།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས
297b6 བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཐམས་ཅད་འཇིག་རྟེན་གི་ཁམས་གཅིག་གི་ནང་རུ་བརྟུལ་ནས་སྲན་ཅུང་གི་འབྲུ་གཅིག་གི་ནང་དུ་ཆུད་པར་བྱེད་དེ། འོད
297b7 ཀྱང་སེམས་ཅན་སུ་ལ་ཡང་གནོད་པར་མྱི་འགྱུར་ལ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གང་དུ་ཁྱེར་བ་དང་། གང་དུ་སོང་བ་དང་། གང་དུ་བཅུག་པ་མྱི་ཤེས་མྱི་མཐོང་ངོ་།། སེམས་ཅད་གཞན་དག་གིས་ནི་ཤེས་ཤིང
297b8 མཐོང་སྟེ།། ཏིང་ངེ་འཛིན་དེ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་འདུལ་བའི་དབང་གྱིས་བྱ་བ་དེ་ལྟ་བུ་དག་སྟོནད་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོས་གསོལ་པ། ཏིང་ངེ
297b9 འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཀོད་པའི་གཙོ་བོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་ན། ཏིང་ངེ་འཛིན་འདིའི་བསོད་ནམས་བགྱི་བའི་དངོས་པོ་འཆེ་བ་ཉིད་ཀྱི་བསོད་ནམས




iiif viewer powered by OpenSeadragon

297a - 298a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo