| e-texts navigator |
| Wylie |
297a1 སྙམ་དུ་འཛིནད་ཅིང་ཡིད་ཆེས་པར་བྱེད་པ་མ་འོངས་པའི་སེམས་ཅན་དེ་དག་ནི་ཤི་ནད་ཏུ་ཆེས་དཀོན་པ་ཡིན་པ་ར་སྨྲ་སྟེ། སྤྲིན་ཆེན་སྙིང་པོ་དེ་ལས་དགོངས་ནས་མ་འོངས་པའི་སེམས་ཅན་རྣམས་བསོད་ནམས་ཆུང
297a2 བ་མ་ཡིན་ནོ་ཞེས་ང་སྨྲའོ།། གསོལ་པ། བཅོམ་ལྡན་འདས་ཟབ་མོ་བརྟན་པའི་ཆུའི་བརྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལ་གནས་པོའི་བྱང་ཆུབ་སེམས་དཔའི་བསོད་ནམས་མྱི་ཟད་པ་ཉན་ཐོས་དང་།། རང་སངས
297a3 རྒྱས་ཐམས་ཅད་ཀྱིས་གཏིང་དཔག་པར་མྱི་ནུས་པ་ནི་ཀྱེ་མ་རོ་མཚརྡ་ཏོ།། བཀའ་སྩལ་པ།། སྤྲིན་ཆེན་སྙིང་པོ་དེ་དེ་བཞིན་ནོ།། ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་མྱི་ཟད་པ་ཤེས་པའམ་ཚད
297a4 གཟུང་བར་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། སྤྲིན་ཆེན་སྙིང་པོ་དཔེར་ན་རྒྱ་མཚོ་ཆེན་པོའི་ཆུའི་ནང་དུ་ཆུ་འབབ་པ་ཟད་པར་མྱི་འགྱུར་བའི་གཏིང་དཔག་པར་ནུས་སམ།། གསོལང་པ་བཅོམ་ལྡན་འདས་དེ་ནི་དེ་ལྟ
297a5 ལགས་ཏེ། ནུས་པར་མྱི་འགྱུར་རོ།། སྤྲིན་ཆེན་སྙིང་པོ་སྤྲིན་པོའིམདོའི་ཆུ་འབབ་པ་དེའི་གཏིང་ཡང་དཔག་པར་མྱི་ནུས་ལ། ཏིང་ངེ། འཛིན་འདི་ས་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་མྱི་ཟད
297a6 པའི་གཏིང་ཡང་དཔག་པར་མྱི་ནུས་སོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྐེང་པའི་མཐེ་བོའི་བ་སྤུ་གཅིག་གིས་འཇིག་རྟེན་གི་ཁམས་གང་ཀའི་ཀླུང་གི
297a7 བྱེ་མ་སྙེད་དཀྲིས་ཏེ། འཇིག་རྟེན་གི་ཁམས་དཀྲིགས་ཕྲག་མཐའ་ཡས་པ། བཟླས་ནས་འཕེན་པར་བྱེད་དེ། དེ་ལྟ་བུའི་བྱ་བ་ཀུན་ཏུ་སྟོན་ཀྱང་སེམས་ཅན་སུ་ལ་ཡང་གནོད་པར་མྱི་འགྱུར་ལ། སེམས་ཅན་དེ་དག་ཀྱིས་ཀྱང་མྱི་ཤེས
297a8 མྱི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་བྱ་བ་དེ་ལྟ་བུ་བསྟནད་པར་ཤེས་ཤིང་མཐོང་ངོ་།། སྤྲིད་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་གི་ཁམས
297a9 གང་གའི་ཀླུང་གི་བྱེ་མ་སྙེད་དག། ཁབ་ཀྱི་རྩེ་མོས་རྒྱ་ཤུག་གེ་ལོ་མ་སྟེང་གི་ཕྱོགས་སུ་འདོར་བ་བཞིན་དུ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གི་ཁམས་དཀྲིགས་ཕྲག་མཐའ་ཡས་པ་བཟླས་ནས་གྱེད་དུ་འདོར་བར་བྱེད་དེ། འོན་ཀྱང