e-texts navigator
Collection
Volume
Page
Wylie

296b1 ལ་བསམ་གྱིས་མྱི་ཁྱབ་པའི་མཆོད་པའི་ལས་བྱས་ནས། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ།།
296b2 འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིནད་ཀྱི་ཡུལ་འདི་མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ལ། སངས་རྒྱས་མང་པོ་འབྱུང་བར་བགྱིད་ཅིང་དགེ
296b3 བའི་རྩ་བ་ཚུལ་བཞིན་དུ་བགྱིས་པའི་སེམས་ཅན་རྣམས་ལུང་བསྟན་ང་པས་ལུང་སྟོདང་པར་བགྱིད་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིར་ཆེན་སྙིང་པོ་མ་འོངས་པའི་སེམས་ཅན་རྣམས་བསོད་ནམས
296b4 ཅུང་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། སྤྲིང་ཆེན་སྙིང་པོ་སངས་རྒྱས་འབྱུང་བ་ནི་དཀོན་ནོ།། སྤྲིན་ཆེན་པོའི་མདོའ་འབོ་དེ་བས་ཀྱང་ཆེས་དཀོན་ནོ།། སྤྱིང་ཆེན་པོའི་མདོའ་འདི་ལས་ཏིང་ངེ་འཛིན
296b5 ནམ། གཟུངས་སམ། ཚིགས་སུ་བཅད་པ་གང་ཡང་རུང་བ་འམ། ཚིག་གི་ཕྱུང་ཐོས་ནས་ཡིད་ཆེས་པར་བྱེད་པ་གང་ཡིན་པའི་སེམས་ན་དེ་དག་ཀྱང་ཆེས་དཀོན་པ་ཡིན་ནོ།། ཞེས་ང་སྨ་སྟེ། དེ་བས་ནམ
296b6 འོངས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཆུང་བ་མ་ཡཱི་དེ་ཞེས་པསྨྲའོ།། སྨན་ཆེན་སྙིང་པོ་གཞན་ཡང་མ་འོངས་པའི་སེམས་ཅན་གང་དག་སྤྲིད་ཆེན་པོའི་མདོའི་འདི་ལས་ཚིགས་སུ་བཅད་པ་འམ།། ཚིག་གི་བྱེད་ཐོས་ན་ཡིད་ཆེས
296b7 པར་བྱེད་པའི་སེམས་ཅན་དེ་དག་ལས་ཀུད་མ་ཆེས་དཀོན་པ་མྱེད་དོ་ཞེས་པ་སྨྲའོ།། གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ་རེ་སྐང་བཀའ་སྩལ་པ།། དེ་བའིན་གཤེགས་པས་གསུངས་པའི་མདོ
296b8 ལས་ཚིག་གམ། ཚིག་གི་ཕྱེད་ལ་ཡང་ཡིད་ཆེས་པར་བྱེད་པ་གང་ཡིན་པ་དེ་དག་ལས་ཀུད་ན་ཆེས་དཀོན་པ་མྱེད་དོ་ཞེས་ང་སྨྲ་བ་དེ་ལ་ཐེ་ཙོམ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྲིན་ཆེན་པོའི་མདོ་འདིའི་ཏིང་ངེ་འཛིདད་ནམ།། གཟུངས་སམ
296b9 ཆོས་ཀྱི་སྒོ་གང་ཡང་རུང་བ་ལ། པ་ལ་བྱས་པ་གཟོའ་བ་རྣམས་ལ་ཡང་དག་པའི་དོན་ཏུ་ལུང་བསྟནད་པས་ལུང་བསྟན་ཏེ། དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པའི་སེམས་ཅན་རྣམས་ནི་ཀྱེ་མ་དགེ་བའི་རྩ་བ་བྱས་པ་ཡིན་ནོ།




iiif viewer powered by OpenSeadragon

296a - 297a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo