e-texts navigator
Collection
Volume
Page
Wylie

294a1 མངོན་སུམ་བྱས་པ་སྟེ། མཐོང་ན་དཀའ་བ་དྲི་ཟའི་རྒྱལ་པོ་རྡོ་པ་བཞི་པོ་དེ་དག་གིས་ནི། པཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པར་འགྱུར་རོ།། གང་དག་ཡིད་མྱི་ཆེས་པ་དེ་དག་ཐམས་ཅད་ནི་བདུད་ཀྱིས་བྱིན་གིས་བརླབས་པོ།
294a2 མྱི་གཏི་མུག་ཅན་ཡིན་པར་རིག་པར་བྱའོ།། སེམས་ཅན་གང་དག་མོས་པར་འགྱུར་བ་དེ་དག་གི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ཡིན་པར་རིག་པར་བྱའོ།། ཀྱེ་མ་མ་འོངས་པའི་སེམས་ཅན་རྣམས་ནི་སངས་རྒྱས་འབྱུང་བ་ཐམས
294a3 དང་ཕྲད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དང་མྱིང་མཐུན་པའི་དགེ་སློང་སངས་རྒྱས་མང་པོས་ཡོངས་སུ་བཟུང་བ་ནི་འཁོར་ཤི་ནད་ཏུ་རྣམ་པར་དག་པ་དང་། དགེ་སློང་གི་ཚོགས་དང་། དགེ་སློང་མའི་ཚོགས་དང
294a4 ལྡན་པའི་ཕྱིར་རོ།། གང་དག་ངའི་ཚིག་ལ་མངོན་པར་ཡིད་ཆེས་པ་དེ་དྲག་ནི། རྡོ་རྗེའི་རང་བཞིན་ཡིན་པར་རིག་པར་བྱའོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་དེ་བཞིན་གཤེགས་པ་དང་། མྱི་མཐུན་པའི་དགེ
294a5 སློང་གི་ཆེ་བ་ཉིད་ལ་ལྟོས།། གང་གི་ཕྱིར་དགེ་སློང་དེ་ནི་དེ་བཞིན་། གཤེགས་པ་ཀླུ་རིགས་སྒྲོན་མའི་ཟད་དུ་དམ་བཅས་ཤིང་སྨོན་ལམ་བཏ། བ་ལ། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་བསྟནད་པ་ལ་ཡང་དམ་པའི
294a6 ཆོས་སྲུང་བའི་ཕྱིར། བདག་གི་སྲོག་ཡོངས་སུ་གཏོང་ངོ་ཞེས་བྱས་ནས། དམ་པའི་ཆོས་ཀྱི་སྒྲ་ལན་གསུམ་དུ་མངོན་པར་བསྒྲུབས་པས་ན། འདས་པའི་དུ་ན་ཡང་ངའི་ཉན་ཐོས་དཀའ་བ་བྱེད་བྱེད་པ་ཡིན་ལ། ད་ལྟར་ཡང
294a7 དཀའ་བ་བྱེད་པ་ཡིན་ནོ།། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ལྟར་ལི་ཙ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཡིན་ནོ།། ལི་ཙ་བིའི་བུ་འདི་ནི་དེ་བཞིན་གཤེགས་པ་དང་མྱིང་མཐུན་པའི་དགེ་སློང་དུ་འགྱུར
294a8 བར་རིག་པར་བྱའོ།། མཐོང་ན་དཀའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་དེ་བཞིན་གཤེགས་པ་དང་མྱིང་འཐུན་པའི་དགེ་སློང་གི་ཆེ་བ་ཉིད་རྣམ་པར་དག་པ་ལ་ལྟོས།། དགེ་སློང་དེ་ལ་སེམས་ཅད་གང་དག་གིས་བསྙེན་བཀུར་བྱས་པ་དེ་དག
294a9 གིས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐལ་པ་གྲངས་མྱེད་པར་བསྙེན་བཀུར་བྱས་པ་ཡིན་ནོ།། སེམས་ཅན་གང་དག་གྱིས་དགེ་སློང་འདོད་པ་དེ་ལ་བཀུར་སྟིར་བྱ་བ་དང་།




iiif viewer powered by OpenSeadragon

293b - 294b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo