| e-texts navigator |
| Wylie |
293a1 པ་ཉོན་ཅིག། དེ་ནི་ང་ལ་དབེན་པ་དང་ངའི་བསྟནད་པ་འབྱུང་བར་བྱེད་ཅིང་། ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤག་ཀྱ་གཞོན་ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་གི
293a2 བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གི་གྲོང་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་སྦྱོར་ཞེས་བྱ། དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ།། དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ།
293a3 ཅན་ཞེས་བྱ་བའི་ས་ཕྱོགས་འབྱུང་བར་འགྱུར་ཏེ། ཤག་ཀྱའི་རིགས་གཞོ་ནུ་ལ་ཅི་བོའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་དེ་ངའི་ཆོས་དབྱུང་བར་བྱ་བའི་ཕྱིར། ལི་ཙ་བོའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང
293a4 ར་དཀའ་བ་བྱང་ཆུབ་སེམས་དཔའ་མྱི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མྱིང་དེའི་མྱིང་དུ་འདོགས་པར་འགྱུར་རོ།། འབྲག་གོ་ཅན་གི་རྗེའུ་རིགས་ཆེན་པོའི།།
293a5 རིགས་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་པར་བལྟའོ།། དེའི་ཚེ་དྲང་སྲོང་བྱི་བོའི་ཡུལ་འཁོར་ཡང་འབྱོར་ད་ཅིང་རྒྱས་ལ། སྐྱེ། བོ་མང་པོས་གང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དང་བྱིང
293a6 མཐུན་པའི་ཁྱེའུ་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ།། གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་བ་ན་ཚངས་པ་མཚུངས་པར་སྤྱོད་པའི་འཁོར་དང་དགེ་སློང་གི
293a7 ཚོགས་རྣམས་ཁྲིད་དེ། རང་གི་སྲོག་དང་བསྔོས་ནས། དམ་པའི་ཆོས་སྟོན་ཅིང་།། དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག་ཏུ་དགའ་བར་སྤྱོད་པར་འགྱུར་རོ།། དགེ་སློང་དམ་པོའི་ཆོས་འདོད་པ་དེའི་འཁོར་གང
293a8 ཡིན་པ་རྣམས་ཀྱང་རང་གི་སྲོག་གི་བསམ་པ་ཡོངས་སུ་བཏང་ན། དམ་པའི་ཆོས་སྲུང་བར་འགྱུར་ཏེ། དགེ་སློང་གི་ཚོགས་དེ་དག་ཀྱང་མཆོག་ཏུ་དཀའ་བ་བྱེད་པ་དང་། ང་ལ་དབེན་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང་།
293a9 སོ་སོར་ཐ་རད་པའི་སྡོམ་པས་བསྡམས་ལ།། སྤྱོད་པ་དང་སྤྱོད་ཡུལ་ཕུན་གསུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བར་འགྱུར་རོ།། དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན