e-texts navigator
Collection
Volume
Page
Wylie

292a1 བྱུང་རས་རིམས་ཀྱིས་སུ་ཀེའི་མགོ་བྱི་གདུལ་དཀའ་བ་དམུ་རྒོད་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཀྱི་བསྔགས་པ་བརྗོད་ཅིང་སོ་སོར་ཐ་རད་པའི་བསྡོམ་པས་བསྡམས་ཏེ། འཇུག་ཏུ
292a2 རང་གི་སྲོག་དང་བསྔོས་ནས་བསླབ་པའི་གཞི་བཅས་པའི་བསྔགས་པ་བརྗོད་པར་འགྱུར་རོ།། དེའི་འོག་ཏུ་ཤིང་དྲུང་གི་བསྔགས་པ་བརྗོད་པར་འགྱུར་རོ།། དེ་བཞིན་དུ་ཕྱག་དར་ཁྲོད་དང་། དགོན་པ་ན་གནས་པ་དང་། འདུལ་བའི་བསྔགས
292a3 པ་བརྗོད་ཅིང་མ་དུལ་བ་རྣམས་ཚར་གཅོད་པར་འགྱུར་རོ།། ལྷའི་བུ་དག་བྱེད་ཀྱིས་ངའི་ཉན་ཐོས་ཐེག་པ་ཆེན་པོ་ལ་དད་པ་རྙེད་པ་དང་། དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་ལ་ཀུན་ཏུ་བསྲུང་བ་གཱ་ཤིག། ལྷའི་བུ་རྣམས་ཀྱིས་གསོན
292a4 པ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་དེ་ལ་བསྙེན་བཀུར་དང་གཡོག་བགྱི་སྟེ། ཀུན་ཏུ་བསྲུང་བར་ཡང་བགྱིའོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང
292a5 སངས་རྒྱས་ཀྱི་མཐུས་བདུད་སྡིག་ཅན་ཚར་བཅད་པར་བགྱིའོ།། ཆོས་མ་ལགས་པའི་ཕྱོགས་མུ་ཀེའི་མགོ་བྱི་གདུལ་དཀའ་བ་དམུ་རྐོ། དེ་རྣམས་ཡུལ་ནས་བསྐྲད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས
292a6 བཀའ་སྩལ་ད་པ། ལྷའི་བུ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱི་ས་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་སྟེ། དགེ་སློང་འདོད་པའི་སྐྱེས་བུ་དམ་པ་དེ་ལ་ནི་ལྷ་རྣམས་ཀྱང་སྲུང་ངོ་།། ལྷ་རྣམས་ཀྱང་།
292a7 དེའི་སྔགས་པ་བརྗོད་དོ།། དེ་བཞིན་གཤེགས་པ་ཡང་ངའི་ཉན་ཐོས་དཀའ་བ་བྱེད་པ་ཡིན་ནོ་སྙམ་དུ་དགོངས་ནས་བསྔགས་པ་བརྗོད་པར་མཛད་དོ།། བཅོམ་ལྡན་འདས་ཀྱིས་ཡང་ལྷའི་བུ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། །
292a8 ལྷའི་བུ་དག་སེམས་ཅན་གོ་དོན་འདོད་པའི་རིགས་ཀྱི་བུས་ནི་དམ་པའི་ཆོས་ཀུན་ཏུ་བསྲུང་བར་བྱའོ།། དེ་ནས་ལྔའི་བུ་མང་པོ་དག་གིས་བཅོམ་ལྡན་འདས་ལྔ་རིན་པོ་ཆེའི་གདུགས་ཀྱིས་མངོད་པར་བསྐྱབས་ནས་འདི་སྐད
292a9 ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡུན་ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པའི་སྲས་འོད་སྲུང་ཆེན་པོ་དང་འདྲ་བའི་དགེ་སློང་འབྱུང་བར་འགྱུར། གང་དུ་ནི་སྐྱེ་བར་འགྱུར། དེའི་མྱིང་ནི་ཇི་སྐད་ཅེས་བགྱི་བར་བཟུང་བར་འཚལ།




iiif viewer powered by OpenSeadragon

291b - 292b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo