e-texts navigator
Collection
Volume
Page
Wylie

291b1 འདི་དག་ནི་བླུན་ཞིང་མུ་ཚོར་སྨྲ་བ་སྟེ། འདི་དག་ནི་གང་ཡང་རུང་སྟེ། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཀི། སྙན་དངགས་མཁན་དག་གིས་རང་བཟོར་ཚིག་དང་ཡི་གེའི་འབྲུ་སྣ་ཚོགས་སྦྱར་ད་ཏེ། འཁོར་གི་ནང་དུ་སོང་ནས་སྨྲ་བར
291b2 བྱེད་དེ། མདོ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་གཏི་མུག་ཅན་གི་མྱི་བསོད་ནམས་ཆུང་བ་ཤེས་རབ་འཆལ་ད་བ། ལུག་ལྟར་ཀློག་པ་ཤེས་རབ་ཡོངས་སུ་ཉམས་པ་དམ་པའི་ཆོས་ལ་སུན་འབྱིར
291b3 པ་དེ་དག་འབྱུང་བར་འགྱུར་རོ།། ལྷའི་བུ་དག་གཞན་ཡང་དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་བཟོད་ནམས་ཆུང་བ། ཤེས་རབ་ཞནད་པ། ཤེས་རབ་འཆལ་ད་པ། ཤེས་རབ་རྟུལ་བ། ཤེས་རབ་ཆུང་བ། ཤེས་རབ
291b4 ཡོངས་སུ་ཉམས་པ། སྔོན་རྒྱལ་བ་རྣམས་ལ་བྱ་བ་མ་བྱས་པ། བླ་མ་མྱེད་པའི་ཆོས་རིན་པོ་ཆེ་ལས་ཡོངས་སུ་ཉམས་པ། ཆོས་རིན་པོ་ཆེ་ལས་ཡེ་ཕྱི་རོལ་ཏུ་གྱུར་ད་པ།། ཆོས་རིན་པོ་ཆེ་ཡོངས་སུ་སྦྱངས་པ། དགེ
291b5 བའི་རྩ་བ་ཆུང་བ་མུ་ཀེའི་འགྲོ་བྱ། གདུལ་དཀའ་བ། ཆུ་རྒོད་དག་འབྱུང་། བར་འགྱུར་རོ།། བྲན་པོ་དང་། བྲན་མོ་ཡོངས་སུ་འཛིནད་པ་དག་ལ། བྱུང་བར་འགྱུར་རོ།། དབྱིག་དང་གསེར་ཡོངས་སུ་འཛིནད་པ་དག་འབྱུང
291b6 བར་འགྱུར་རོ།། དུང་དང་མན་ཤེལ་དང་། བྱི་རུ་ཡོངས་སུ་འཛིནད་པ་དག་འབྱུང་བར་འགྱུར་རོ།། བ་ལང་དང་། མ་ཧེ་ཡོངས་སུ་འཛིནད་པ་དག་འབྱུང་བར་འགྱུར་རོ།། ཞིང་གི་དངོས་པོ་ཡོངས་སུ་འཛིནད་པ་དག
291b7 འབྱུང་བར་འགྱུར་རོ།། རང་པ་དང་བྱ་གཀ་དང་། ཕག་ལས་སྩོགས་པའི་གནས་ཀྱི་རྫས་དུ་མ་ཡོངས་སུ་འཛིནད་པ་དག་འབྱུང་བར་འགྱུར་རོ།། ལས་ཆེན་པོ་རྔམ་པ་བཅུ་དྲུག་བྱེད་དུ་འདུག་པ་དག་ཀྱང་འབྱུང་བར་འགྱུར་རོ།།
291b8 རྒྱལ་པོ་ལ་སྟེན་པ་དག་ཀྱང་འབྱུང་བར་འགྱུར་རོ།། ཕོ་ཉ་བྱེད་པ་དག་ཀྱང་འབྱུང་བར་འགྱུར་རོ།། དུག་སྦྱོར་དུ་འཇུག་པ་དག་ཀྱང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་གི་ལས་མ་ཡིན་པ་དུ་མ་བྱེད་པ་དང་། བྱེད་དུ་འཇུག་པ་དག་འབྱུང
291b9 བར་འགྱུར་རོ།། དེ་ལྟར་མྱི་གཏི་མུག་ཅན་དེ་དག་ཡོངས་སུ་འཕེལ་བའི་དུས་དང་། དམ་པའི་ཆོས་ཡོངས་སུ་ཉམས་པའི་དུས་ན་འོད་སྲུང་ཆེན་པོ་དང་འདྲ་བའི་དགེ་སློང་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་ཏེ། ངའི་ཉན་ཐོས་ཀྱི་ནང་དུ




iiif viewer powered by OpenSeadragon

291a - 292a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo