e-texts navigator
Collection
Volume
Page
Wylie

291a1 ཆོས་རྣམས་སྣ་ཚོགས་སྟོནད་པ་མཛད།། མདོ་དང་ཏིང་ངེ་འཛིན་དང་ཆོས་ཀྱི་སྒོ་དང་། གསང་བ་ཞུ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་གཏན་ལ་བབ་པར་བསྟན་པ་ལས།། དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕུང་པོའི
291a2 ལེའུ་ཞེས་བྱ་སྟེ། སུམ་བཅུ་བདུན་པའོ།། ། དེ་ནས་དེའི་ཚེ་ལྷོ་ཕྱོགས་ཀྱི་ཡུལ་མདབ་སྟང་ཟིལ་ཀྱི་རི་ལས་འོད་སྲུང་ཆེན་པོ་དང་ཐབས་གཅིག་ཏུ་འོངས་པའི་ལྷའི་བུ་རྣམས།། སྟེང་གི་བར་སྣང་ལ་ཏ་ལ་བདུན
291a3 སྲིད་ཙམ་འབོད་ནས།། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མའི་རིམ་པ་ཡི་རབ་ཙམ་དག་གཏོར་ནས།། མྱིག་མཆི་མས་གང་སྟེ།། དུ་བཞིན་དུ། ཚིག་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས། བཅོམ་ལྡན་འདས་དེ
291a4 བཞིན་གཤེགས་པར་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ལས་འདས་པ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་འདི་ལྟ་བུ་འདི་དག་འཆང་བར་བགྱིད་པའི་སེམས་ཅན་དེ་དག་ཅི་འདྲ
291a5 བདག་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། པ།། ལྷའི་བུ་དག་པ་འདས་པའི་འོག་ཏུ། དགེ་བའི་རྩ་བ་བྱས་པ་རྣམ། ས་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་མདོ
291a6 འདི་ལྟ་བུ་འདི་དག་འཆང་བར་གྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་སྟོནད་པར་འགྱུར་རོ།། སྤྲིན་ཆེན་པོའི་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུ་གླིང་ན་སྤྱོད་པར་འགྱུར་ཏེ།། རྒྱས་པར་ཡང་འགྱུར་རོ།།
291a7 དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང་། རྒྱལ་པོ་འཁྲུག་པ་དང་། དམ་པའི་ཆོས་ནུབ་པར་འགྱུར་བ། མ་འོངས་པའི་དུས་དེ་མི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལུས་ཡོངས་སུ་མ་སྦྱངས
291a8 པ་དང་། ཚུལ་ཁྲིམས་ཡོངས་སུ་མ་སྦྱངས་པ་དང་། སེམས་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབ་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུག་པ་དང་། ཤེས་རབ་ཡོངས་སུ་ཉམས་པ་རྣམས་ཀྱིས
291a9 མདོ་འདི་ལྟ་བུ་འཆད་པ་ཐོས་ན་ཡིད་མྱི་ཆེས་ཤིང་བརྐང་པར་བྱེད།། སྟིང་པར་བྱེད། འཕྱ་བར་བྱེད་ལ། ལྐོག་ཏུ་སོང་ནས་ཕན་ཚུན་སྲོས་ཤིང་སྨོད་པར་བྱེད་དེ། འཕྱ་བའི་བསམ་པས་དེ་དག་ཚིག་འདི་སྐད་དུ། ངོ་མཚརང་ཏོ།། དགེ་སློང




iiif viewer powered by OpenSeadragon

290b - 291b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo