e-texts navigator
Collection
Volume
Page
Wylie

289b1 ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྗེ་ལམ་དུ་གྲག་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལེགས་ན། ཐོས་ནས་མོས་པ་དང་། མོས
289b2 ནས་ལུང་འབོག་པ་དང་། རྗེད་པར་བགྱིད་པ་དང་། འཆང་བར་བགྱིད་པ་དག་ལྷ་མོས་ཀྱང་མི་འཚལ་ཏེ། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་གཏེར་རྙེད་པ་ལགས་སོ།། གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
289b3 པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་ལག་ན་འཆང་བར་བགྱིད་པ་དེ་དག་གི་ཁྱིམ་ན་ནི། དེ་བཞིན་གཤེགས་པ་རྣམས་བཞུགས་པ་ལགས་སོ།། བཅོམ་ལྡན་འདས་ཀང་དུ་དེ་བཞིན་གཤེགས་པ་འདི་དག་གི་མཚན
289b4 ཐོས་ནས་ཡིད་ཆེས་པར་བགྱིད་པའི་ས་ཕྱོགས་དེ་དག་ནི་རྡོ་རྗེའི་རང་བཞི་ན་དུ་འགྱུར་རོ།། བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་ཐོས
289b5 ནས་ཡིད་ཆེས་པར་བགྱིད་པ་དེ་དག་ཀྱང་རྡོ་རྗེ་ལྟ་བུར་འགྱུར་ཞིང་མྱི་ཕྱེད་པའི་བཟོད་པ་ཡང་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས། གང་དག་ཡིད་ཆེས་པར་དགའ་བའི་མཚན་འདི་དག་ལ་དད་པར་བགྱིད
289b6 པའི་སེམས་ཅན་དེ་དག་ལ་ནི་བདག་ཀྱིས་ཀྱང་བསྙེན་བཀུར་དང་གཡོ་ག་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ལུང་སྟོན་པ་ཀོའུ་དིནི་ནྱ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་རིགས
289b7 ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ཕྱིར། ཡང་དག་པའི་བསྒྲུབ་པ་དམ་བཅས་པ་ལེགས་སོ།། སློབ་དཔོན་ལུང་སྟོནད་པ་ཀོའུ་རིན་ནྱ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི
289b8 དག་གི་མཚན་རྣམས་འཆང་བ་ལ་ནི་གང་དང་གང་ལས་འཇིགས་པ་འབྱུང་བ་ཐམས་ཅད་དེ་དང་དེ་ཉིད་དུ་རབ་ཏུ་ཞི་བར་འགྱུར་ཏེ། དེ་དག་འཆང་བ་ལ་ནི་ལྷ་རྣམས་ཀྱང་སྲུང་ངོ་།། ཀླུ་རྣམས་ཀྱང་སྲུང་ངོ་།། གནོད་སྦྱིན་རྣམས་ཀྱང་སྲུང
289b9 པོ།། དེ་བཞིན་གཤེགས་པའི་བར་དུ་ཡང་སྲུང་བ་མཛད་དོ།། དེ་ནས་འཁོར་ཆེན་པོའི་ནང་ནས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཞེས་བྱ་བས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན




iiif viewer powered by OpenSeadragon

289a - 290a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo