| e-texts navigator |
| Wylie |
289a1 སྟོན་མ། སློབ་དཔོརན་ལུང་སྟོན་ཀོའུ་དི་རྒྱ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་སེམས་ཅར་དམྱལ་བར་འགྲོ་བ་འམ། དུང་འགྲོའི་སྐྱེ་གནས་དང་ལྷ་མ་ཡིན་གི་རིས་སུ་སྐྱེ་བར་འགྱུར་བ་ནི་སྐབས་པ་ཡིན
289a2 ཞིང་ཀྱི་སྲིད་དེ། དེ་ནི་གནས་མྱེད་དོ།། སློབ་དཔོན་ལུང་སྟོནང་པ་ཀོའུ་དིད་མྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ད་ལྟར་ང་ལས་ཏིང་ངེ་འཛིན་གི་སྒོ་འདི་ཐོས་ལ། ཕྱེ་མའི་ཚེ་ཡང་། ཏིང་ངེ་འཛིདང་འདི་ཐོས་ན
289a3 སྨོད་པར་འགྱུར་བ་དེ་ནི་སྐབས་མ་ཡིན་ཞིང་། མྱི་སྲིད་དེ་གནས་མྱེད་དོ།། སློབ་དཔོན་ལུང་སྟོནད་པ་ཀོའུ་དིན་ནྱ། དེ་བཞིན་གཤེགས་པ་དེ་དག་གི་མཚན་རྣམས་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ
289a4 དུག་ཀྱིས་ཚུགས་པ་འམ།། མཚོན་འབབ་པ་འམ། ཆུར་མཆི་བ་འམ། མྱེས་ཚིག་པར་འགྱུར་བ་འམ། དེ་ལ་རྒྱལ་པོ་འམ།། ཆོམ་རྐུན་ནམ། མྱི་འམ་མྱི་མ་ཡིན་པ་འམ། ཀླུ་འམ། གནོད་སྦྱིན་ནམ
289a5 སེང་གེ་འམ། སྲོག་ཆགས་གདུག་པ་འམ། སྟག་གམ། ཁྱིན་འམ། སྤྱང་ཀུ་འམ། སྤྲུལ་ལམ། སྡིག་པ་རྣམས་ཀྱིས་བར་ཅད་བྱ་བ་འམ། ཚངས་པར་སྤྱད་པ་སྤྱོད་པ་དང་།། ཁ་རོན་བྱེད་པའམ།
289a6 ལྷུང་བཟེད་དང་།། ཆོས་གོས་ལ་བར་ཆད་བྱེད་པར་འགྱུར་བ་ནི་སྐབས་མ་ཡིན་ཞིང་གོ་སྐབས་མྱེད་ལ།། དེ་ནི་གནས་མྱེད་དེ། ལས་ཀྱི་རྣམ་པར་སྨིནད་པ་ན་མ་གཏོགས་སོ།། སློབ་དཔོན་ལུང་སྟོནད་པ་ཀོའུ་དཾ་ནེ་ནྱ་གཞན་ཡང་།
289a7 དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་གཞན་མུ་སྟེགས་ཅན་སྤྱོད་པ་འམ། ཀུན་ཏུ་རྒྱུ་རྣམས་ལ།། དབྱའ་བའམ། བསྟིད་བ་འམ། བཀད་པ་འམ།། གཞན་དང་འཐུན་པར་བྱ
289a8 པའམ། རྙེད་པ་དང་བཀུར་བསྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ན་ཡང་ངན་སོང་ངན་འགྲོ
289a9 སྐྱེ་བར་འགྱུར་བ་དེ་ནི་གནས་མྱེད་དོ།། བམ་པོ་། དེ་ནས་སློབ་དཔོན་ལུང་སྟོན་ཀོའུ་དི་དེ་ནྱས། བཅོམ་ལྡན་འདས་ཀྱི