| e-texts navigator |
| Wylie |
288b1 ཏེར་ཀི་ཁམས་མུ་སྟེགས་ཐམས་ཅད་ཀྱི་གནས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་།
288b2 སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གི་ཁམས་གང་གའི་རླུང་བདུན་བཅུའི་བྱེ་བ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་མེ་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ
288b3 དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་འཕགས།། ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོནད་པ་ཀོའུ་དིན་ནྱ་སངས་རྒྱས
288b4 ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་དགི་བརྒྱད་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་རིན་ཆེན་སྐྱོང་ཞེས་བྱ་བ་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ
288b5 ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་ཀུན་ཏུ་སྲུང་། བའི་ཏོག་ཏུ་གྱུར་པ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་། སྟོནད་ཏོ།། སློབ་དཔོན་ལུང་སྟོ་ང་བ་ཀོའུ་དང་ནྱ་དེ་བཞིན་གཤེགས
288b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་ནི་ཡོངས་སུ་དག་པ་སྟེ། ལག་མཐིལ་ལྟར་མཉམ་ལ་རི་དང་རྡོ་མྱེད་ཅིང་གསེག་མ་དང་། བོང་བ་དང་། སྡོང་དུམ་དང་། ཚེར་མ་མྱེད
288b7 ངོ།། འཇམ་ཞིང་ཀ་ཙ་ཡིད་དེའི་གོས་ལྟར་རེག་ན་འཇམ་པ། སྙིགས་མ་ལྔ་དང་བྲལ་ཞིང་བུད་མྱེད་ལྔ། ཉན་ཐོས་དང་རང་སངས་རྒྱས་མྱེད་ཅིང་། དེ་དག་གི་མྱིང་ཡང་མྱེད་པ་ཡིན་ནོ།། སེམས་ཅན་དེ་དག་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ།
288b8 དགའ་བ་དང་། ཐེག་པ་ཆེན་པོས་མངོན་པར་རྩེ་བ་དང་། ཐེག་པ་ཆེན་པོ་ལ་ངང་པའི་སེམས་ཐོབ་པ་ཤ་སྟག་གོ།། སློབ་དཔོན་ལུང་སྟོནད་པ་ཀོའུ་དིན་ནྱ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ
288b9 གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ནས་འཛིནད་ཏམ། ཀུན་ཆུབ་པར་བྱེད་དམ། འཆང་ངམ།། ཀློག་གམ།། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར