e-texts navigator
Collection
Volume
Page
Wylie

288a1 ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་མངོན་པར་དང་བ་ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་ཀྱི་ཟད་པ་ཞེས་བྱ་བར
288a2 ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟོནད་ཏོ།། སློབ་དཔོན་ལུང་བསྟོནད་པ་ཀོའུ་དིན་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གི་ཁམས་གང་གའི་ཀླུང་ཉི་ཤུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་ཐོས
288a3 ཅད་མཉམ་པ་ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཅེར་རྒྱལ་མཚན་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོ་དང་པ
288a4 ཀོའུ་དིན་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་ཀའི་ཀླུང་སུམ་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་བདེ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས
288a5 བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དྲི་མ། མྱེད་པའི་སྙིང་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་ད། ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱ་སངས་རྒྱས་ཀྱི་ཞིང་འདི་ན
288a6 ལྷོ་ཕྱོགས་སུ་འཇིག་རྟེན་གི་ཁམས་གང་གའི་ཀླུང་བཞི་བཅུའི་བྱེ་མ་སྟེ། ད་འདས་ན། འཇིག་རྟེན་གི་ཁམས་རབ་ཏུ་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
288a7 སངས་རྒྱས་རྣམ་པར་འཕྲུལ་པས་དང་བར་བྱེད་པའི་གྲགས་པ་ཞེས་བྱ་བ་དང་ལྟར་འཚོ་ཞིང་བཞེས་ཏེ།། ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོནང་པ་ཀོའུ་དིན་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གི་ཁམས
288a8 གང་གའི་ཀླུང་ལྔ་བཅུའི་ཕྱི་མ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་དམ་པའི་ཆོས་ལ་དཀའ་མོས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་བསྲུངས་ཤེས
288a9 བྱ་བ། ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་མྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གི་ཁམས་གང་གའི་ཀླུང་དྲུག་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན




iiif viewer powered by OpenSeadragon

287b - 288b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo