e-texts navigator
Collection
Volume
Page
Wylie

286b1 པའི་བསྟན་དཔའ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ད་ཏེ། དེ་བཞིན་གཤེགས་པའི་མཐུས་དེ་བཞིན་གཤེགས་པའི་བསམ་གྱིས་མྱི་ཁྱབ་པའི་ཡུལ་ལ་རྣམ་པར་འཕྲུལ་པའི་སེང་གེའི་སྒྲ་ཆེན་པོ་མཆོག་གིས་འབྲས་བུ་ཡོད་པར་ཆོས་སྟོན་པའི།།
286b2 ཆོ་ག་དེ་ལྟ་བུའི་བསམ་གྱིས་མྱི་ཁྱབ་པའི་ཡུལ་རྩེ་བར་གྱུར་ད་པའི་ཡོན་ཏན་དང་ལྡན་པར་གྱུར་ད་ནས། བདག་གྱིས་སེང་གེའི་སྒྲ་མངོན་པར་བསྒྲགས་ལ། དེ་བཞིན་གཤེགས་པའི་བསྟན་པའི་ཁུར་ལྕི་བ་ཡུན་རིང་པོར་བྱེར་བར་གྱུརཔ
286b3 གཅིག་ཅེས་བྱས་སོ།། ལྷ་མོ་དགེ་བའི་རྩ་བ་དེས་ན་ཁྱོད་གཏོགས་པར་བཞི་ངའི་བསྟནད་པ་ལ་དཀའ་བ་མང་པོ་བྱེད་ཅིང་སྐྱེ་བོ་ཕལ་དང་འཐུན་པར་བྱེད་པ་ཡིན་ཏེ། ལྷ་མོ་ཁྱེད་བཞིན་དེ་ལྟ་འབའ་ཤིག་ཀྱང་མ་ཡིན་ཏེ། འདས་པའི
286b4 དུས་ན་ཡང་བལ་རྣམ་པ་མང་པོར་བྱ་བ་བྱས་ཤིང་ངའི་བསྟནད་པའི་ཁུར་ཀྱི་བཀོད་པ་ལ་སྨོན་ལམ་བཏབ་པ་ཡིན་གིས། ལྷ་མོ་སེམས་མངོན་པར་དད་པར་གྱིས་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཤེས
286b5 པར་ག་ཤིག། དེ་ནས་ལྷ་མོས་བཅོམ་ལྡན་འདས་ལ་འདི་སྐད་ས་གསོལ་ཏོ།། བདག་གི་བསམ་པ་དད་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་སྨནད་པར་འགྱུར་བའི་སླད་དུ། བདག་ཅག་བཞི་གང་གང
286b6 ལགས་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ།། ལྷ་མོ་ཁྱེད་ལེགས་ཀྱིས་ཁྱོད་གཏོགས་པར་བཞི་ལུང་བསྟནད་པའི་ཆོ
286b7 གའི་རིམ་པ་ལྷ་མོ་ཁྱོད་ཀྱིས་ཉོན་ཅིག། ལྷ་མོ་ཁྱོད་གཏོགས་པ་བཞིའི་ཡོན་ཏན་གི་ཆེ་བ་ཉིད་ལ་ལྟོས།། བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གི་མཛོད་དེ་ནི་སློབ་དཔོན་ལུང་བསྟནད་པ་བྲམ་ཟེའི་ཀོའུ་དིན་མྱ་ཡིན་པར་རིག
286b8 པར་བྱའོ།། ལྷ་མོ་སློབ་དཔོན་ལུང་བསྟོན་པ་བྲམ་ཟེ་ཀོའུ་རིན་མྱ་ཡ་ང་འདས་པའི་འོག་ལོ་བརྒྱ་ཉི་ཤུ་ལོན་པ་ན། མོའུ་རྱའི་རིགས་ཤེས་བྱ་བ་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་བར་འགྱུར་ཏེ། ལྷ་མོའི་མོའུ་རྱའི་རིགས་སུ
286b9 སྐྱེས་ནས་ཀྱང་། ཕྱེར་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། ལྷ་མོ་མོའུ་ནྱའི་རིགས་ཀྱི་རྒྱལ་པོའི་མཆོག་ཏུ་འགྱུར་ལ་ཆོས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་རོ།། དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་བ་ཏོ།།




iiif viewer powered by OpenSeadragon

286a - 287a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo