| e-texts navigator |
| Wylie |
286a1 སྙིང་པོའི་མདོའི་ཡུལ་དང་། བརྩོན་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་རྒྱས་པར་བསྟནད་ཏོ།། དེ་ནས་འཁོར་ཆེན་པོས་བརྩོན་འགྲུས་ཆེན་པོའིཆེ་བ་ཉིད་བསྟནད་པ་བཤད་པ་འདི་ཐོས་ནས་ངོ་མཚར་རྨད་དུ་བྱུང་བར
286a2 འཛིན་པར་གྱུར་པ་ཏོ།། ལྷ་མོ་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུས་བདག་ཉིད་ཀྱི་ཡོན་ཏན་བཤད་པ་ཐོས་ནས་བློན་པོ་ཆེན་པོ་དང་། བཙུན་མོའི་འཁོར་དང་བཅས་པས་དེ་བཞིན་གཤེགས་པ་དེའི་ཞབས་ལ་ལན་བརྒྱ་སྟོང་དུ
286a3 མགོ་བོས་ཕྱག་འཚལ་ད་ཏེ། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ལ་རིན་པོ་ཆེ་སྤར་གང་གིས་གཏོར་ནས། འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་བསྟནད
286a4 བའི་ཐབས་ནུབ་པའི་ཚེ། བདག་རབ་ཏུ་བྱུང་སྟེ། ཆོས་ཀྱི་འཇུག་པ་དབབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་ཆོས་ཀྱི་ཀོས་ཙམ་འཆང་བ། མུ་གེའི་མགོ་བྱི་རྣམས་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང
286a5 སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་འདོར་བར་གྱུར་པ་ཅིག་ཅེས་བྱས་སོ།། དེའི་ཚེ་བློན་པོ་ཆེན་པོའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱི་ས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི
286a6 དུས་ན་བདག་གྱིས་བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་བསྟནད་པའི་ཁུར་བཀུར་ཞིང་། བཅོམ་ལྡན་འདས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན་མྱིའི་བདག་པོ་ཁྱད་པར་དུ་འཕགས་པ་ཕུན
286a7 གསུམ་ཚོགས་པའི་རྒྱལ་སྲིད་ཡོངས་སུ་སྤྱད་དེ། དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ད་ཅིག་ཅེས་བྱས་སོ།། དེ་ནས་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་བཙུན་མོ་དམ་པ་ལྷ་མོས་འདི་སྙམ་དུ་སེམས
286a8 བསྐྱེད་དེ། བཅོམ་ལྡན་འདས།། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་བསྟནད་པ་གནས་པའི་ཚེ་བདག་གིས་ཨུ་སྟེགས་ཅན་ངན་པའི་ཚོགས་ཐམས་ཅད་བུད་མྱེད་ཀྱི་གཟུགས་ཀྱིས་བཏུལ་ནས་རྒྱལ་པོའི་ཆོས་ལུགས་སྤྱད་དེ། རྒྱལ་སྲིད
286a9 མངོན་པར་སྤྱད་ལ། ཆོས་ཀྱི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ད་ཅིག་ཅེས་བྱས་སོ།། དེ་ནས་དེའི་ཚེ་མྱིང་ཆེར་གིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བདག་བཅོམ་ལྡན་འདས་ཤག་ཀྱ་ཐུབ