e-texts navigator
Collection
Volume
Page
Wylie

282a1 བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྦྱིན་སྡིག་ཅན་ཞིག་ཡིན་དུ་ཟིན་ན། ཤར་ཕྱོགས་སུ་འགྲོ་བ་བཞིན་དུ་ལྷ་སྦྱིན་དེ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བར་རིག་པར་བྱའོ།། གང་ནུང་ཕྱོགས་སུ་འགྲོ་བ་ལྟ་དེ་ནི་དེ་བཞིན
282a2 གཤེགས་པ་ཡིན་པར་རིག་པར་བྱའོ།། དེ་ལ་གྲོང་ཁྱེར་གང་ཡིན་པ་དེ་ནི་རྟག་དུ་འཇིགས་པ་མྱེད་པའི་གྲོང་ཁྱེར་ཡིན་པར་རིག་པར་བྱ་སྟེ། འདི་ནི་ཐབས་ཡིན་པར་བལྟ་བར་བྱའོ།། སངས་རྒྱས་ཀྱི་ཡུལ་འདི་ནི་ཁོ་བོ་ཅག་ཅིག་གྱིས
282a3 ཀྱང་བསམ་པར་མྱི་ནུས་པར་རིག་པར་བྱའོ།། ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་པོ་ཞེས
282a4 བྱ་བས། གདམས་ངག་བསྟནད་ནས། བྱང་ཆུབ་སེམས་དཔའ་དྲུག་སྡེ་རྣམས་ཀྱི་འཁོར་གྱིས་བསྐོར་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག། བྲམ་ཟེ་ཆེན་པོ་དཔེར་ན་གླང་པོ་ཆེ་མཆོག་ལ་བརྡེག་པར་བྱ་བ་གང་ཡིན
282a5 བ་དེ་ནི། བུང་བུས་ཤི་ནད་ཏུ་མྱ་བཟོད་དོ།། གླང་པོ་ཆེ་མཆོག་ལ་བརྡེག། པར་བྱ་བ་ནི། གླང་པོ་ཆེ་མཆོག་གིས་བཟོད་པའོ།། བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཀྱི་ཆས་བརྡུང་བ་ནི།
282a6 ཉན་ཐོས་དང་། རང་སངས་རྒྱས་ཐམས་ཀྱི་བུང་བུས་མྱི་བཟོད་དེ།། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་རྒས་བརྡུང་བ་ནི་དེ་བཞིན་གཤེགས་པ་དང་འདྲ་བས་བཟོད་པ་ཟད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས
282a7 པའི་ཡོན་ཏན་གི་ཆེ་བ་ཉིད་ལ་ལྟོས། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་པོའི་ཆེན་པོའི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ་བཟོད་པ་གསོལ་ཅིག། བྲམ་ཟེ་ཆེན་པོ་དགེ་སློང་ངམ། དགེ་སློང་མ
282a8 འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ། ལྷ་སྦྱིན་གི་ཡོན་ཏན་གི་ཆེ་བ་ཉིད་མྱི་ཤེས་པ་དེ་དག་ནི་སངས་རྒྱས་བྱུང་བའི་ཕྱེད་ཐོབ་ཙམ་དུ་ཟད་པ་ཡིན་པར་རིག་པར་བྱའོ།། མྱིག་ཡ་གཅིག་པར་རིག་པར་བྱའོ།། མྱི་ལུས
282a9 ཀྱི་ཕྱེད་ཐོབ་པ་ཡིན་པར་རིག་པར་བྱའོ།། བྲམ་ཟེ་ཆེན་པོ་གཞན་ཡང་ལྷ་སྦྱིན་གི་ཡོན་ཏན་གི་ཆེ་བ་ཉིད་ལ་ལྟོས། སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་གནོད་པ་བཟོད་པར་ཡང་མྱི་ནུས། དེ་བཞིན་གཤེགས་པའི




iiif viewer powered by OpenSeadragon

281b - 282b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo