| e-texts navigator |
| Wylie |
281b1 ཅི་ཙམ་དུ་སོང་བ་དེ་ཙམ་དུ་གྲོང་ཁྱེར་དང་ཤིན་ཏུ་རིང་བར་འགྱུར་རོ།། ཅི་ཙམ་དུ་སོང་བ་དེ་ཙམ་དུ་མྱི་དེ་གཉིས་ཕྱིར་ཕྲད་པར་འགྱུར་བ་དེ་ནི་གནས་མྱེད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་ལྷ་སྦྱིན་གཉིས་ཀྱང་གལ་ཏེ
281b2 ཐབས་ཤིག་མ་ཡིན་དུ་ཟིན་ན་ཁྱད་ཆེ་བར་མངོན་ནོ།། བྲམ་ཟེ་ཆེན་པོ་གཞན་ཡང་འདིར་མྱི་ལ་ལ་ཞིག་གྱིས་སྲོག་གཅོད་པ་བྱས་ན། ལོ་བརྒྱ་ཕྲག་མང་པོར་སེམས་ཅན་དམྱལ་བར་སྲེག་པར་འགྱུར་ལ། བསོད་ནམས་བྱས་ན་ལོ
281b3 བྱེ་བ་སྙེད་དུ་མཐོ་རིས་སུ་མངོན་པར་རྩེ་བར་འགྱུར་བས་ན། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་དང་། ལྡན་ཞིང་བག་ཆགས་ཀྱི་ཚོགས་ཀྱིས་བསྒོས་པ་ཡིན་པས། གལ་ཏེ་དེ་བཞིན་གཤེགས
281b4 པ་ལ་ལྷ་སྦྱིན་གྱིས་དགོངས་པར་བསམས་སུ་ཟིན་ན། དེ་ལྟར་སེམ་ས་གཅིག་བསྐྱེད་པ་ཙམ་གྱི་ལས་ཀྱི་འབྲས་བུ་དེས་ཀྱང་ལོ་བྱེ་བ་ཕྲག་དགྲངས་མྱེད་དཔག་ཏུ་མྱེད་པ་བགྲང་བ་ལས་ཤི་ནད་ཏུ་འདས་པ་སྲིད་དུ།
281b5 སེམས་ཅན་དམྱལ་བར་ཤི་ནད་ཏུ་བསྲེག་པར་འགྱུར་བའི་རིགས་མ། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་བསྐལ་པ་བརྒྱ་སྟོང་ཕྲག་བྱེ་བ་གྲངས་མྱེད་པ་མང་པོ་ཡུན་རིན་པོ་ནས་དགྲ་ལས་འདས་པ་ཡིན་ལ
281b6 དེ་བཞིན་གཤེགས་པ་དང་ལྷ་སྦྱིན་སེམས་ཅན་དམྱལ་བ་ན། བསྲེག་པ་གཉིས་ཀྱང་ཕྲད་པར་ཀ་ལ་འགྱུར་ཏེ། དེ་ནི་གནས་མྱེད་དོ།། བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྦྱིན་སྡིག་པས་འཚོ་བ་ཞིག་ཡིན་དུ་ཟིན་ན།
281b7 སྐྱེས་པའི་རབས་བརྒྱ་སྟོང་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷ་སྦྱིན་ལྷན་ཅིག་དུ་འཕྲད་ཅིང་འགྲོགས་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ནི་གནས་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན།
281b8 ཇི་ཙམ་དུ་སཱ་སྦྱིན་བཅོམ་ལྡན་འདས་དགྲོངས་པར་སེམས་པ་དེ་ཙམ་དུ་སེམས་ཅན་དམྱལ་བར་ངེས་པར་བསྲེགས་པར་འགྱུར་བ་ན། ཇི་ལྟར་སེམས་ཅན་དམྱལ་བ་ཡང་ཉམས་སུ་མྱོང་ལ། དེ་བཞིན་གཤེགས་པ་དགྲོངས་པར
281b9 ཡང་ཇི་ལྟར་སེམས་དཔའང་རུང་སྟེ། མྱི་དེ་གཉིས་ནམས་ཀྱང་ཕྲད་པར་མྱི་འགྱུར་བ་དེ་བཞིན་དུ་བྲམ་ཟེ་ཆེན་པོ་ལྷས་སྦྱིན་དེ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཡང་བརྒྱ་ལམ་ན་ཡང་ཕྲད་པར་འགྱུར་བ་དེ་ནི་གནས་མྱེད་དོ།།