| e-texts navigator |
| Wylie |
280b1 པ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཉིད་ཆེན་པོ་བཤད་དུ་གསོལ་།། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྤྲིན་ཆེན་སྙིང་པོས། སློབ་དཔོན་ལུང་སྟོནད་པ་བྲམ་ཟེ་ཀོའུ་དིན་ནྱ་ལ་འདི་སྐད་ཅེས་སྨྲས་སོ།།
280b2 བྲམ་ཟེ་ཆེན་པོ་ལེགས་སོ་ལེགས་སོ།། བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པ་ལ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་ཞུ་བའི་རྒྱལ་པོ་ལེགས་པར་ཞུས་པ་ནི།
280b3 ལེགས་སོ།། བྲམ་ཟེ་ཆེན་པོ་ཁོ་བོ་ལས་ཉོན་ཅིག་དང་། དེ་བཞིན་གཤེགས་པའི་མཐུ་དང་། ཁོ་བོ་ཅག་གི་ཡུལ་འཇུག་པའི་ཚུལ་གྱིས་ཁོ་བོས་བཤད་པར་བྱའོ།། བྲམ་ཟེ་ད་ཕྱི་ནད་ཅད་དེ་སྐད་མ་ཟེར་བར་གཞན་མ་ཡིན་པར་ཡིད་ལ
280b4 སོམས་ཤིག། ལྷ་སྦྱིན་དྲུག་སྡེའི་འཁོར་དང་བཅས་པ་ནི། དེ་བནི་ན་གཤེགས་པ་ལ་ཤིན་ཏུ་བྱས་པ་གཟོ་བ་ཡིན་ནོ།། ལྷ་སྦྱིན་ནི་མཚོ་དག་དུ་དཀའ་བ་བྱེད་པ་ཡིན་ནོ།། སྭཱ་སྦྱིན་ནི་དེ་བཞིན་གཤེགས་པ་རིགས
280b5 ལ་སྙིང་རྩེ་བ་ཅན་ཡིན་ནོ།། ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་མཐའ་ཡིན་ནོ།། ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གི་བདག་ཉིད་ཆེན་པོ་སྟོནད་པ་ཡིན་ནོ།། ལྷ་སྦྱིན་དྲུག་སྡེ།
280b6 འཁོར་དང་བཅས་པ་ནི་སེམས་ཅན་བྱེ་བ་ཕྲག་མང་པོ་བསོད་ནམས་ལ་རབ་ཏུ་བཀོད་པ་ཡིན་ནོ།། བྲམ་ཟེ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
280b7 རྣམས་ལ་ཁྲག་འབྱིནད་མྱི་ནུས་སོ།། དེ་བཞིན་གཤེགས་པའི་སྐུ་ནི་ཤིང་གི་གྲིབ་མ་ལྟ་བུར་བལྟ་སྟེ། འདི་ནི་ཐེབས་ཡིན་པར་བལྟ་བར་བྱའོ།། བྲམ་ཟེ་ཆེན་པོ་ཤག་ཀྱའི་རིགས་འདི་ནི་དག་ཅིང་རྣམ་པར་དག་པ་ལ་བསམ་གྱིས་མྱི
280b8 ཁྱབ་པོ།། ཤག་ཀྱའི་རིགས་ཀྱི་ནང་ན་ནི་ཚུལ་ཁྲིམས་འཆལ་པ་འགའ་ཙམ་ཡང་མྱེད་དེ། མྱི་སྲིད་དོ།། དེ་བཞིན་གཤེགས་པ་ནི་འབྲས་བུ་ཡོད་པའི་ཆོས་བསྟོནད་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཙན་དན་དང་བྱེ་དཱུ་རྱ་ལྟ་བུའི་འཁོར།
280b9 དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་མྱི་ཕྱེད་པའི་འཁོར་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་སེང་གེའི་རིགས་ཀྱི་རྒྱལ་པོ་ཆེན་པོ་དང་། སྟག་ལྟ་བུའི་འཁོར་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཉན