e-texts navigator
Collection
Volume
Page
Wylie

279b1 པར་བཟློག་པའི་ཕྱིར། གཞོན་ནུའི་ནང་དུ་ཡང་གཞོན་ནུར་བཀུར་བར་འགྱུར་རོ།། བུད་མྱེད་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར།། བཙུན་མོའི་འཁོར་དག་ཏུ་ཡང་སྲུངས་མ་ཉུང་རུམ་དུ་བཀུར་བར་འགྱུར་རོ།། བསོད་ནམས་ཀྱི་ཁྱད་པར་ལ།
279b2 སྐྲག་པར་དམྱིགས་པར་བྱ་བའི་ཕྱིར། སྐྱེ་བོ་ཕལ་བ་རྣམས་དང་ཡང་འཐུན་པར་འཇུག་གོ།། དབང་ཕྱུག་གི་ཉེས་དམྱིགས་བསྟནད་པའི་ཕྱིར། བརྒྱ་བྱིན་གི་ནང་དུ་ཡང་བརྒྱ་བྱིན་དུ་བཀུར་བར་འགྱུར་རོ།། ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི
279b3 ཕྱིར།། ཚངས་པའི་ནང་དུ་ཡང་ཚངས་པར་བཀུར་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་བྱ་བའི་ཕྱིར། ཟླ་བར་ཡང་འགྱུར་རོ།། སེམས་ཅན་གི་སྡིག་པའི་ཉེས་པའི་ཁ་བ་མང་པོལ་བཞུ་བའི་ཕྱིར། ཉི་མར་ཡང
279b4 འགྱུར་རོ།། སེམས་ཅན་ཐམས་ཅད་ཚུལ་སྲུང་དུ་གཞུག་པའི་ཕྱིར། འཇིག་རྟེན་སྐྱོང་བའི་ནང་དུ་ཡང་འཇིག་རྟེན་སྐྱོང་དུ་བཀུར་བར་འགྱུར་རོ།། སངས་རྒྱས་ཀྱི་བཀོད་པ་ཐམས་ཅད་སྟོནད་ཀྱང་གཏན་དུ་ཡོངས་སུ་མྱ་ངན
279b5 ལས་འདས་པར། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མྱི་བྱེད། །། གཟུགས་ཐམས་ཅད་སྣང་བར་སྟོན་ཀྱང་གཟུགས་ཀྱིས་དེ་བཞི། ན་གཤེགས་པའི་ཆོས་ཉིད་རྣམ་པར་འཁྲུག་པར་ཡང་མྱི་བྱེད་དོ།།
279b6 སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཡང་ཞིང་ཐ་དད་པར་བྱེད་པར་ཡ་ང་མྱི་བྱེད་དོ།། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བླང་བ་རྗེས་སུ་ཐོབ་ཀྱང་ཆོས་ཀྱི་དབྱིངས་ལ་ཡང་འབྱེད་པར་མྱི་བྱེད་དོ།། ལྷ་དང་མྱིའི
279b7 བདག་པོ་ཐམས་ཅད་ཡོངས་སུ་འཛིནད་ཀྱང་། དེ་ལ་རྒྱགས་པར་ཡང་མྱི་འགྱུར་ལ་མོས་པ་བསྐྱེད་པར་ཡང་མྱི་འགྱུར་རོ།། སེམས་ཅན་རྣམས་སྐྱོ་བ་ལ་དགོད་པའི་ཕྱིར།། གཉིད་ལོག་པའི་བྱ་བ་ཐམས་ཅད་ཀྱང་ཡང་དག་པར
279b8 སྟོནང་ཏོ།། བདུད་ཀྱི་ཡུལ་ཐམས་ཅད་ཡང་དག་པར་བསྟོནད་ཀྱང་བདུད་ཀྱི་ལས་ལ་གནས་པར་ཡང་མྱི་འགྱུར་རོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་ལ་ཡང་སྣང་ལ་རྟག་ཏུ་ཡང་ཆོས་ཀྱི་ཀུན་དགའ
279b9 ལ་དགའ་བས་དགའ་བར་བྱེད་དེ། པད་མ་བཞིན་དུ་གོས་པ་མྱེད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིནད་ཀྱི་ཡུལ་ལ་ལྟོས།། བམ་པོ་བདུན་པའོ།།




iiif viewer powered by OpenSeadragon

279a - 280a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo