| e-texts navigator |
| Wylie |
279a1 སྤྱིར་བར་བྱ་བའི་ཕྱིར།། ཀླུ་དབྱངས་ཀྱི་ཁང་པ་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་རྒན་པོ་དང་། ཐོར་བུ་དང་། བར་མ་རྣམས་ཀྱི་གྲོགས་ཀྱང་བྱེད་དོ།། སེམས་ཅན་ཡོངས་སུ་སྨྱིནད་པར
279a2 བྱ་བའི་ཕྱིར། བྲན་པོ་དང་། བྲན་མོ་དང་། གཞན་གྱིས་བཀྲོལ་བར་ཡང་འགྲེའོ།། སེམས་ཅན་ཡོངས་སུ་སྨྱིནད་པར་བྱ་བའི་ཕྱིར། ནད་པ་དང་། རྒས་པ་དང་། ཤི་བ་ལྟ་བུར་བདག་ཉིད་སྣ་ཚོགས་སུ་ཡང་བསྟོནད་ཏོ།། སེམས་ཅན་ཡོངས་སུ་སྤྱོད
279a3 པར་བྱ་བའི་ཕྱིར། རིན་པོ་ཆེ་དང་ནོར་བུ་ཐམས་ཅད་ཀྱི་སྣོད་ལྟ་བུར་ཡང་འགྱུར་རོ།། རིགས་བྱེད་ཀྱིས་ཆོག་པར་འཛིནད་པའི་སེམས་ཅན་རྣམས་ལ། སྐྱོན་ཡང་དག་པར་བསྟནད་པར་བྱ་བའི་ཕྱིར། གསང་ཚིག་དང་རིག་བྱེད་ཐམས་ཅད་ལ་མཁས
279a4 པར་ཡང་བྱེད་དོ།། བྱ་སྐད་ཀྱི་བརྡ་ཐམས་ཅད་ལ་ཞེནད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་བཅད་པའི་ཕྱིར་བྱ་སྐད་ཀྱི་བདའ་ཐམས་ཅད་ཀྱང་སྟོནད་པར་བྱེད་དོ།། སྨན་ཀི་སྡེ་མཚན་དང་། ཅི་དང་ལྡན་པར་རྣམ་པར་འཕྲུལ་པའི
279a5 ཕྱིར། ཤིང་ལྗོན་པ་དང་འཁྲི་ཤིང་དང་། འབྲས་བུ་དང་། མེ་ཏོག་དང་། སྨན་ནོ་ཆོག་ལྟ་བུར་ཡང་བདག་ཉིད་བྱིན་གྱིས་རློབ་པར་བྱེད་དོ།། འཚོ་ནམ། ཐམས་ཅད་ལ་ཡང་བརྩོན་ལ། ཆགས་པ་དང་། ལོངས་སྤྱོད་ལ་མངོན
279a6 པར་ཞེ་ནད་པ་མྱེད་དོ།། ཐེག་པ་དམན་པ་རྣམ་པར་གཅད་པའི་ཕྱིར། བསྒྲགས་པའི་ཆོས་ཀྱི་འབྲེལ་པའི་གཏམ་ཐམས་ཅད་ཀྱང་ལེགས་པར་སྟོནད་པར་བྱེད་དོ།། སེམས་ཅན་ཐམས་ཅད་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་ཕྱིར།
279a7 རྒྱལ་པོའི་བྱ་བ་ལ་ཡང་འཇུག་པར་བྱེད་དོ།། ཚོང་དཔོན་གི་ཆོས་ལུགས་ཀྱིས་དགའ་བར་བྱ་བའི་ཕྱིར་ཚོང་དཔོན་གི་ནང་དུ་ཡང་ཚོང་དཔོན་དུ་བཀུར་བར་འགྱུར་རོ།། ཁྱིམ་ཀྱི་སྐྱོན་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ཕྱི་མ་བདག་གི་ནང་དུ
279a8 ཡང་ཁྱིམ་བདག་དུ་བཀུར་བར་བྱའོ།། རྒྱལ་རིགས་ཀྱི་ཆོས་ལུགས་རབ་ཏུ་གནས་པར་བྱ་བའི་ཕྱིར། རྒྱལ་རིགས་ཀྱི་ནང་དུ་ཡང་རྒྱལ་རིགས་སུ་བཀུར་བར་འགྱུར་རོ།། ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་གཞོམ་པའི་ཕྱིར། བྲམ་ཟེའི་ནང
279a9 དུ་ཡང་བྲམ་ཟེར་བཀུར་བར་འགྱུར་རོ།། བྱ་བ་ཐམས་ཅད་དང་ཆོས་ལུགས་ཐམས་ཅད་ལ་གཟུང་བར་བྱ་བའི་ཕྱིར་བློན་པོ་ཆེན་པོའི་ནང་དུ་ཡང་བློན་པོ་ཆེན་པོར་བཀུར་བར་འགྱུར་རོ།། རྒྱལ་སྲིད་དང་ལོངས་སྤྱོད་དང་། དབང་ཕྱུག་ལས་རྗེ