| e-texts navigator |
| Wylie |
278b1 ཡང་འགྱུར་རོ།། ཆུང་མ་དང་བུ་དང་འདྲེ་བ་ཡང་མྱེད་པར་བུ་སྨད་ཀྱང་སྟོན་ལ། རྟག་ཏུ་ཚངས་པར་སྤྱོད་པ་དང་ཡང་ལྡན་ཞིང་རྟག་ཏུ་དབེན་པ་ན་ཡང་གནས་ཏེ། རྒྱན་ཀྱིས་ཀླུབས་ལ། མཚན་ད་ཀྱང་ཡོངས་སུ་གཅོད་དོ།། དེ་ཁོ་ན་ཁ
278b2 ཟས་ཀྱང་ཟ་ལ་རྟག་ཏུ་བསམ་གཏན་གི་ཟས་ཀྱིས་ཀྱང་འཚོའོ།། ཡ་མཚན་ཅན་དེ་དག་གི་ང་རྒྱལ་དང་། རྒྱགས་པ་དང་དྲེགས་པ་གཞོམ་པའི་ཕྱིར། ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་ཡང་རབ་ཏུ་འབྱུང་སྟེ། ཐམས་ཅད་དུ་མཁན་པོའི
278b3 ཐབས་སུ་བཀུར་ཞིང་། ལྟས་སུ་བལྟ་བ་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར། བསམ་པ་ཚུལ་གྱིས་རྟོགས་པར་འགྱུར་ལ། ལྟ་བ་ལ་གནས་པར་ཡང་མྱི་འགྱུར་རོ།། དུད་འགྲོ་རྣམས་ངེས་པར་བསྒྲལ་བའི་ཕྱིར།། དུད་འགྲོའི་སྐྱེ
278b4 གནས་ཐམས་ཅད་དུ་ཡང་སྐྱེ་བར་འགྱུར་ཏེ།། ཐམས་ཅད་དུ་ཡང་མ་ཆོག་ཏུ་བཀུར་བར་འགྱུར་རོ།། སྨད་འཚོང་མའི་གནས་ཀུན་ཏུ་ཡང་སྣང་སྟེ།། ཐམས་ཅད་དུ་ཡང་བཀུར་ལ། སྨད་འཚོང་མའི་གནས་ཐམས
278b5 ཅད་དུ་གཡོན་ཅན་གི་མཆོག་ཏུ་འགྱུར་རོ།། འདུལ་བའི་སེམས་ཅན།། ལ་ཕན་པ་བྱ་བའི་ཕྱིར།། བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་ཡ། ང་སྣང་ངོ་།། འདོད་པའི་ཉེས་པ་བསྟནད་པའི་ཕྱིར།། སྨད་འཚོང་མའི
278b6 གནས་ཐམས་ཅད་དུ་ཡང་འཇུག་གོ།། དྲན་པ་ལ་ཡང་དག་པར་དགོད་པའི་ཕྱིར། མྱིགསལ་བ་དང་གླེན་པའི་གནས་ཐམས་ཅད་དུ་ཡང་འཇུག་པར་བྱེད་དོ།། སེམས་ཅན་ཡན་ལག་མ་ཚང་བ་ཐམས་ཅད་སྐྱོ་བ་ལ་དགོད་པའི
278b7 ཕྱིར།། ཡན་ལག་ཐམས་ཅད་མ་ཚང་བ་ཡང་སྟོནང་པར་བྱེད་དོ།། འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར།། ཁམས་བཞི་དང་ལྡན་པར་ཡང་བྱེད་དོ།། ལེ་ལོ་ཅན་དང་དྲན་པ་ཉམས་པ་རྣམས་དང་། རྒྱགས་པ་དང་། མྱོས་པ་རྣམས
278b8 བརྩོམ་འགྲུས་དང་། བསམ་གཏན་དང་སྐྱོ་བ་ལ་དགོད་པའི་ཕྱིར། རང་གཞི་བརྒྱ་པ་བཞི་དང་ལྡན་པར་ཡང་སྟོན་ཏོ།། བཟོད་པ་ལ་དགོད་པའི་ཕྱིར་གནོད་སེམས་ཅན་ལྟ་བུར་ཡང་འགྱུར་རོ།། རྟག་པའི་འདུ་ཤེས་ཅན་གི་སེམས་ཅམཛས
278b9 ལ། རྟག་པའི་ཉེས་པ་ཡང་དག་པར་བསྟནད་པའི་ཕྱིར།། བསྐལ་པ་ཐམས་ཅད་དུ་ཡང་འབྱུང་ངོ་།། ཁྱེའུ་དག་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ཡི་གེ་སློབ་པའི་གྲེ་གང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། བུ་མོ་དག་ཡོངས་སུ