e-texts navigator
Collection
Volume
Page
Wylie

277a1 གྲངས་ཀྱང་དེ་བཞིན་ཏེ།། གསང་བ་བཤད་པ་བསམ་མྱི་ཁྱབ།། སངས་རྒྱས་བསམ་ཡས་བསམ་མྱི་ཁྱབ།། དེ་བཞིན་གཤེགས་པ་དཔག་ཏུ་མྱེད།། སངས་རྒྱས་སྤྱོད་ཡུལ་བསམ་མྱི་ཁྱབ།། མཚུངས
277a2 པ་མྱེད་ཅིང་ཤི་ནང་ཏུ་འདས།། འདས་པ་དག་ཀྱང་དཔག་ཏུ་མྱེད།། ད་ལྟར་བྱུང་བའང་བསམ་མྱི་ཁྱབ།། མ་འོངས་པ་ཡང་བསམ་དུ་མྱེད།། འཇིག་རྟེན་ཁམས་ན་ཡང་བསམ་མྱི་ཁྱབ།། དཔེར་ན་སྨན་པ་བྱུང་གྱུར་ཅིང་།།
277a3 མཁས་པ་ཞིག་གིས་ནད་རྟོགས་ནས།། ནད་པའི་ཉམས་ལས་དཔག་བྱས་ཏེ།། ཆོ་ག་རིམས་བཞིན་སྟོནད་པ་དང་།། དཔེར་ན་བུད་མྱེད་མཁས་མ་ཡིས།། རང་གི་བུའི་ཉམ་རིག་ནས།། སོར་མོའི་རྩེ་མོ་མར་བྱུགས་ནས། ཅི་རན
277a4 ལྡག་ཏུ་བཅུག་པ་ལྟར།། དེ་བཞིན་བཅོམ་ལྡན་སངས་རྒྱས་ཀྱང་།། འདུལ་བུའི་ཉམས་དྲོད་མཁྱེན་ནས་ནི།། སེམས་ཅན་རྣམས་ཀྱི་བཟོད་པ་ཡིན།། མདོ་སྡེའི་ཚིག་དོན་སྟོནད་པ་མཛད།། དེ་ནས་དེའི་ཚེ་བྱང་ཆུབ་སེམས།
277a5 དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས། བཅོམ་ལྡན་འདས་ལ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གྱིས་མྱི་ཁྱབ་པའི་ཡང་བསམ་གྱིས་མྱི་ཁྱབ
277a6 པའི་ཡུལ་སྤྲིན་ཆེན་པོའི་མདོ།། སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བ་ར་བགྱིད་པ་ལགས་པར་གཟིགས་ནས།། དེ་བཞིན་གཤེགས་པས་བཿད་པ་ཡིས་ལ་ལ་ངོ་མཚ་རད་ཏོ།། བཅོམ་ལྡན་འདས་ཏིང་ངེ་འཛིན
277a7 གི་སྒོ་བཞི་བརྒྱ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད་ལེགས་ཀྱིས་གནོད
277a8 སེམས་ཀྱི་སེམས་དང་ལྡན་པ་རྣམས་བཟོད་པ་ཐོབ་པར་བྱ་བའི་དོན་དང་།། ལེ་ལོ་ཅན་དང་དྲན་པ་ཉེས་པ་རྣཾས་རྩོད་འགྲུས་དང་བསམ་གཏན་ཐོབ་པར་བྱ་བའི་དོར་དང་། མ་འོངས་པའི་སེམས་ཅན་བསོད་དམས་ཆུ་ངུ་རྣམས་ཀྱི་ཕྱིར།
277a9 དེ་བཞིན་གཤེགས་པའི་ཡུལ་དེ་བཞིན་གཤེགས་པ་ལ་ལེགས་པར་ཞུས་པའི་སྤྲིན་ཆེན་པོའི་མདོའི་ཆེར་རྟག་ཏུ་རབ་ཏུ་ཕོབ་ཤིག། སྤྲིད་ཆེན་སྙིང་པོ་སྤྲི་ཆེན་པོའི་མདོའི་ཡུལ་ལ་ལྟོས།། གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར




iiif viewer powered by OpenSeadragon

276b - 277b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo