e-texts navigator
Collection
Volume
Page
Wylie

275b1 ཆོས་ལ་མངོར་པར་དགའ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་ཆེན་ཆོས་ཀྱི་མཆོད་སྦྱིན་ཅན།། སྦྱིན་པའི་ཚོགས་ལྡན་དེ་བཞིན་གཤེགས།། སེམས་ཅན
275b2 རྣམས་ལ་སྤར་སྲད་དུ། མཆོད་སྦྱིན་སྣ་ཚོགས་སྟོནང་པ་མཛད།། ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོ་ག་བཀོད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། སུམ་བཅུ་བཞི་པའོ།། ། སྤྲིམ་ཆེན་སྙིང་པོས་གསོལ་ས
275b3 སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་ཁོན་རབ་ཏུ་སྐྱེད་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདྲ་ཀྱིས་བཀ་སྩམ་པ། རིང་པོ་ཆེའི་འབྱུང་གན་གྱིས་རྗེ་པ་རྒྱལ་བ་ཝེ་བྱ་བཱི་ཆོས་ཀྱི་སྒོ་ད། རིན་པོ་ཆེའི་འབྱུང་གརླ་ནོར་གི་ཆར་འབེལ།
275b4 པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གན་གྱི་བསོད་རྣམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་ཀ་ས་ཀྱི་ཡང་དག་པའི་སྙིང་པོའི་བློ་གྲོས་ཤེས་བྱེ་བའི་ཆོས་ཀྱི་སྒོ་དང་། རིམ་པོ
275b5 ཆེའི་འབྱུང་གནས་ཀྱི་ལུས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི། འབྱུང་གནས་གི་འོད་འཕྲོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ། ཆེའི་འབྱུང་གནས་ཀྱི་སྒྲོན་མའི་འོད་འཕྲོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
275b6 རིན་པོ་ཆེའི་འབྱུང་གནས་གི་གློག་གི་འོང་གི་གློ་གྲོས་མྱི་ཟད་པའི་ཅོད་ཅན་གི་རྒྱལ་ལོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་འབྱུང་གན་ལ་གནས་པའི་གཙང་སྭཱ་ཞེས་བྱ་བ་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་ཞེས་ཅད་ཀྱི་ཞིང་གི་འབྲས་བུའི་རོ་ཕུང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ
275b7 སྟེ། བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་ཞིང་གི་སྔ་དག་ཕྱིས་རོལ་ཏུ་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། རེ་ནས་དེའི་ཚེ་ལྷ་མོ་རིན་ཅེན་ཆར་འབེབས་ཤེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི
275b8 སྨྲས་སོ།། བཅོམ་ལྡན་སངས་རྒྱས་བསོད་ནམས་ཞིང་།། འཇིག་རྟེན་ཀུན་ལ་ཐུགས་བརྩེ་ཞིང་།། སེམས་ཅན་རྣམས་ལ་སྨན་སླད་དུ།། ཞིང་རྣམས་སྣ་ཚོགས་སྟོནད་པ་མཛད།། སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི
275b9 ས་བོ་རབ་ཏུ་བསྐྱེད་པའི་གླེང་གཞིའོ་ལེའུ་ཞེས་བྱ་སྟེ། སུམ་བཅུ་ལྔ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་ཆེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར




iiif viewer powered by OpenSeadragon

275a - 276a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo