e-texts navigator
Collection
Volume
Page
Wylie

275a1 བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་དཀའ་བ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་སྟོབས་རབ་ཏུ་བསྒྲུབས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་རྒྱུ་བ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
275a2 ས་ས་རྒྱ་ན་ཡུལ་ཀྱི་དགསས་པ་ས་ཡ་ག་ན་ཤཱ་ཟུགས་དང་། ཉེ་བར་གངས་པ་ས་བསྒྲིམས་ཏེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དྲན་པོ་དེ་དག་ནི་ལེགས་ཀྱིན་བ
275a3 ཏེ། བསྒྲུབ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་འཕྲེང་བ་སྣ་ཚོགས་ཅན་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས།། ཚིགས་སུ་བཅད་པ་འདི་སྨྲས་སོ།། གསང་བའི་འབྱུང་གནས་བསམ
275a4 གཏན་ཞི་པའི་ཡན་ལག་གི།། ཅོད་པན་རྣམ་གྲོལ་ཆུ་དང་དྲན་པའ་བསིལ་བའི་རླབས་བདག་ཉིད་རྟག་ཟབ་ཞི་བའི་བདག་ཉིད་ཆེ་བ་སྟེ། བརྒྱ་མཚོའི་ཚུལ་འདྲ་ཁྱོད་ལ་མགོ་བོས་གཏུགས་པར་བགྱི།། ཡེ་ཤེས
275a5 ཀྱི་ནོར་བསྒྲིམས་ཏེ་བསྒྲུབ་པའི་མཛོད་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། སུམ་བཅུ་གསུམ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོ་ག་བཀོད་པ
275a6 ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུཿ། སོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངེས་པར་བསྡུ་མས་པའི་ཆོ་ག་རྟག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཆོད་སྦྱིན་ལ
275a7 ཕམ་པའི་རིན་པོ་ཆེའི་ཚོ་གས་བསྲུངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཙང་སྦྲ་སྲུང་བའི་དུས་ཚོད་ཆེས་བྱ་བའི་ཆོས་ཀྱི་སྒོ་དང་། གཙང་སྦྲུལ་མངོན་པར་དཀའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིང་པའི་ལོངས་སྤྱོད་སྦྱིན་པ
275a8 ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མྱིག་རབ་ཏུ་སྦྱིན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་མོ་གསང་བ་སྟོན་ཅིང་འཆད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་མོའི་ཆོགས་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། དེ་ལོ་ནའི་སྙིང་པོམ་གམས
275a9 པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་སྟོནང་པ་ཞེས་བྱ་བ་མོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོག་བཀོང་པ་ཞེས་བྱ་བའི་ཆོམ་ཀྱི་སྒོ་ཡིན་ནོ།། དེན་པ་དེའི་ཚི




iiif viewer powered by OpenSeadragon

274b - 275b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo