e-texts navigator
Collection
Volume
Page
Wylie

274b1 བའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། སུམ་བཅུ་གཅིག་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་བ།། ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ
274b2 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དམྱིགས་པ་ལ་མངོན་པར་རྐམ་པ་ཞེས་བྱ་བའི་ཆོས་ཀྱི་སྤྲོ་དང་། རྒྱན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྟོབས་དྲི་བར་བྱ་བ་ལ་མངོན་པར་དཀའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས
274b3 པའི་ལུས་མྱི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩེ་བ་ལ་མངོན་པར་ཆགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པ་དང་། རིམ་འགྲོའི་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐང་ལ་མངོན་པར་དག་པའི་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི
274b4 སྒོ་དང་། སྦྱོར་བའི་མཚན་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི། སྒོ་དང་། དགའ་བའི་དུས་ཚོད་ཀྱི་སྦྱོར་བ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་མངོན་པའི་གནས་ལ་གནས་པ་ཞེས་བྱ་བའི
274b5 ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་བརྩོམ་པའི་ཆོ་ག་ལ་ཞུག། ས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ། སྔ་མའི་མེ་ཏོག་ལ་མངོན་པར་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས
274b6 ལ་མཆོད་པ་བྱས་ནས།། ཚིགས་སུ་བཅས་པ་འདི་སྨྲས་སོ།། དཔའ་ཆེན་ཡེ་ཤེས་བརྩོམ་པ་པོ།། ཡང་དག་རྩོམ་ལ་རབ་སྦྱོར་བ།། སེམ་ས་ཅན་རྣམས་ལ་ཕན་བཞེད་པ། ཆོས་རྣམས་སྣ་ཚོགས་སྟོནད་པ་མཛད
274b7 ཡེ་ཤེས་རྩོམ་པའི་ཆོ་ག་ལ་བཞུགས་པའི་རྣམ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། སུ་བཅུ་གཉིས་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་ད་པ།། ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ།། བསྒྲུབ་པའི་མཛོད་ཅེས་བགྱི་བའི་ཆོས
274b8 ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པའི་ནན་ཏན་གི་སྦྱོར་བ་ལ་མཁས་པའི་རིན་པོ་ཆེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དམ་པའི་ཆོས་ལ་ཤི་ནད་ཏུ
274b9 གུས་པར་བསྒྲིམ་པའི་སེམས་ལ་གནས་པར་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པར་ཟབ་ཅིང་བརྟན་པ་ལ་རྩེ་བ་དང་བཅས་པའི་རྒྱ་མཚོའི་རིན་པོ་ཆེའི་རྫས




iiif viewer powered by OpenSeadragon

274a - 275a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo