e-texts navigator
Collection
Volume
Page
Wylie

274a1 སྟོནང་པ་མཛད།། བཟང་པོའི་རྣམ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འཇུག་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། རྩེ་བ་དང་བཅས།
274a2 བ་ཡང་དག་པར་སྤྲས་པ་བསྟོནད་པའི་དཔུང་བསྐྱེད་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀའ་བས་རྩེ་བ་དང་བཅས་པ་ཡང
274a3 དག་པར་སྨྲས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མགུ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་མཆོག་ཏུ་དཀའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་པའི་ཆོས་ཀྱི་སྒོ་དང་། མངོན་པར
274a4 ཞུགས་པའི་རྣམ་པས་རྩེ་བ་དང་བཅས་པ་ཡང་དག་པར་སྨྲས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེང་གེའི་སྒྲས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱིས་རྩེ་བ་དང་བཅས་པ་ཡང
274a5 དག་པར་སྦས་པ་སྟོན་པའི་དཔུང་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།། བྱམས་པས་རྩེ་བར་བཅུ་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབ་ས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་རྗེས་རྩེ་བ་དང
274a6 བཅས་པ་ཡང་དག་པར་སྦས་པ་སྟོནང་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཀའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོནང་པོའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཏང
274a7 སྙོམས་ཀྱི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོནང་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོནད་པའི་དཔུང་བསྐྱེད་པ་ལ་འཇུག་པ་ཞེས་བྱ་བའི་ཆོས
274a8 ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་བློ་གྲོས་རྒྱ་མཚོ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། རྟག་པའི་སྟོན་པ་སློབ་པའི་བྱིས་ནི་སྟེར་གྱུར་ད་ཅིང་། བྱང་ཆུབ་ཡན་ལག
274a9 མྱེ་ཏོག་རྟག་ཏུ་ཞི་བའི་རྩ།། བསམ་གཏན་མྱུག་གུ་ཡན་ལག་འབྲས་བུ་ལྡན་པ་པོ།། རྫུ་འཕྲུལ་ལོ་མ་ཤིང་རྟག་ཁྱོད་ལ་མགོ་བོས་གཏུགས།། ཆེ་བ་དང་བཅས་པའི་ཡང་དག་པར་སྦས་པ་སྟོནང་པའི་དཔུང་བསྐྱེད་པ་འཇུག




iiif viewer powered by OpenSeadragon

273b - 274b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo