| e-texts navigator |
| Wylie |
273a1 མོསང་།། ཅོམ་ལྡན་འདས་ཀྱིམ་བཀའ་སྩས་དག་མཚམས་བཟང་པོ་ལ་གནས་པ་ཞེས་འགྱི་བའིཆོས་ཀྱི་སྒོ་དང་། ལྷག་པའི་བསམ་པའི་ཆོ་ག་ཤེས་པའི་བརྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བ་ཆས་ཀྱི་སྒོ་དང་། ཡེ་ཤེས
273a2 ཀྱི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། འགྲོ་བའི་དུས་ཚོད་ཀྱི་ཆོ་འཕྲུལ་གི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་དང་མཉམ་པར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མྱི་གནས་པ
273a3 ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་རྒྱུ་བ་བསྩགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྙེནད་པར་འོས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པར་དཀའ་བ་ལ་མངོན་པར་མོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས
273a4 དགེ་ཞིང་ལྷག་པའི་བསམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལྷག་པའི་བསམ་པའི་ཆོ་ཀ་ལ་འཇུག་པ་ཞེས་བྱ། བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་ཤེས་པས་རྒྱགས
273a5 པ་ཞེས་བྱ་བས།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། བཅོམ་ལྡན་སངས་རྒྱས་བལྟར་མྱིག། དལ།། ནམ་མཁའ་མཚུངས་ཤིང་དྲ་བ་ལགས།། སེམས་ཅན་རྣམས
273a6 ལ་སྨན་སླད་དུ།། སྣང་བ་སྣ་ཚོགས་སྟོན་པ་མཛད།། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་བརྒྱད་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ།། དཔག་ཆེན་པོ་དཔའ
273a7 བའི་རྒྱལ་པོའི་སྟོབས་བཀོད་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔའ་བོ་རྣམ་པར་རྒྱལ་བའི་ཞིང་གི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
273a8 དཔའ་བར་འགྲོ་བ་ཕུན་གསུམ་ཚོགས་པའི་རྗེས་ལས་སྐྱེས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བོ་རྣམ་པར་རྩེ་བའི་དམྱིགས་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བོའི་ཚུལ་ལ་འཇུག་པའི་སྟོབས
273a9 པུམ་གསུམ་ཚོགས་པ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཡུལ་ངོར་དཔའ་བའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཉིད་སྟོབས་ཕུན་གསུམ་ཚོགས་པའི་རྔམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་བརྟན་པ་དབ