| e-texts navigator |
| Wylie |
272b1 ཀྱི་རྣམ་པར་འཕྲུལ་བར་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་རིན་ཅེན་ཏོག་ཅེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དུས་ཚོད་རྣམ་དག་ཡོན་ཏན།
272b2 ཀྱི། འབྱུང་གནས་ཟབ་མོ་གསང་བའི་མཚོ།། སེམས་ཅན་རྣམས་ལ་སྤར་སླད་དུ། ཆོས་རྣམས་སྣ་ཚོགས་སྟོནད་པ་མཛད།། མྱི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ།
272b3 ཉི་ཤུ་དྲུག་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། གནས་ཀྱི་དམ་པ་དང་བཅས་པ་ཡངས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ
272b4 སྩལ་པ།། གནས་སྲུང་བ་ཞི་བའི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པའི་སྙིང་པོའི་གནས་ཀྱི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུའི་གྲགས་པའི་དེ་ཁོ་ནའི་སྙིང་པོའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། གྲུབ་པ་སྔགས།
272b5 པའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། གྲགས་པའི་སྙིང་པོའི་རྣམ་པ་འི་མཚམས་བཟང་པོའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། རྟག་ཏུ་རབ་ཏུ་དགའ་བ་རྒྱས་པའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞི
272b6 ནས་སྐྱེས་པའི་སྟོབས་ཀྱི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་རྗེའི་སྟོབས་ཀྱིས་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟོད་པ་ལ་ངེས་པར་ཀནྶ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྟག་ཏུ་གཙང་བའི་གནས་ཤེས་བྱ་བ།
272b7 ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཆེ་ལྷ་མོ་རིན་པོ་ཆེའི་རིགས་ཀྱི་འོད་ཅེས་བྱ་བས།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས།། ཚིགས་སུ་བཅད
272b8 བ་འདི་སྨྲས་སོ།། དེ་བཞིར་གཤེགས་པ་ཡེ་ཤེས་སྐུ།། ཡེ་ཤེས་ཡོན་ཏན་འབྱུང་རས་མཛེས།། སེམས་ཅན་རྔམས་ལ་སྨད་སྲད་དུ།། ཆོས་རྣམས་སྣ་ཚོགས་བསྟོན་པ་མཛད།། གནས་ཀྱི་རྔམ་པ་དང་བཅས་པ་ཡངས་པའི
272b9 ཆོས་ཀྱི་སྒོའི་གླེང་གཞིའོ་ལེའུ་ཞེས་བྱ་སྟེ། ཉི་ཤུ་བདུད་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་བ།། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ