| e-texts navigator |
| Wylie |
271a1 བྱབ་མ་འདུག་པའི་མདོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་གཉིས་པའོ།། ། སྤྲིན་ཆེད་སྙིང་པོས་གསོལ་པ། མངོན་པར་རྩེ་བའི་རིན་པོའི་མཛོད་ལ་འདུག་པ་ཞེས་འགྱི་བའི་ཆོས་ཀྱི་སྒོ
271a2 བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོ་ས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། ཉི་མ་འཆར་ཀའི་གཙུག་ཕུད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་།། སྙིང་མོ་ལྔ་པ་ས་རྒྱ་ཆེར་རྩེ་བས་མངོན་པར་རྒྱགས་པ་ཞེས་བྱ་བ
271a3 ཆོས་ཀྱི་སྒོ་དང་། ཡོན་ཏད་རིན་པོ་ཆེའི་མཛོད་མངོན་དུ་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱི་མཚམས་བཟང་པོས་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་ཆུའི་དུས་ལ་ཞུགས་པའི་སྟོབས་ཀྱི་འཇིགས་པར་བྱ
271a4 བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཙན་དང་གི་སྟོབས་ཀྱི་བདེ་བསིལ་ལ་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མྱིག་མྱི་འཛུམས་པར་སྨྲ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཀུ་མུ་ད་དང་། ཟླ་བ་ལྟ
271a5 བུའི་ཆུ་དང་ལྡན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྤྲུལ་པོ་ཆེ་ལས་སྩོགས་པའི་ལུས་ལ་མངོན་པར་འདོད་པ་ལ་འཇུགཔ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྔགས་པར་བྱ་བ་ཤི་ནད་ཏུ་མང་བ
271a6 ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་རིགས་བཙུན་པ་རྣམ་པར་དག་པ
271a7 ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། འཇིག་རྟེན་གསུམ་པོ་ཆོས་ཀྱི་དབང་ཕྱུག་གོ།། དེ་བཞིན་གཤེགས་པས་ཆོས་སྐུ་རྟག་གྱུར་པ།། སེམས་ཅན་རྣམས་ལ་ཕན
271a8 བ་མཛད་སྐད་དུ།། ལམ་རྣམས་རྣམ་པ་སྣ་ཚོགས་སྟོནང་པ་མཛད།། མངོད་པར་རྩེ་བ་རིན་པོ་ཆེའི་མཛོད་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་གསུམ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ།
271a9 ག་རམ་མཁའ་ལྡིང་ཀྱི་སལ་ཆེན་པོའི་སྟོབས་ལ་མངོན་པར་འཇུག་པ་འི་བགྱི་བའི་ཆོས་ཀྱི་དོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་བ།། ནོར་རྒྱས་ཀྱི་བུའི་སྟོབས