e-texts navigator
Collection
Volume
Page
Wylie

270a1 དེ་ནས་དེའི་ཚེ་ལྷ་མོ་མགྲིན་དབྱངས་སྙན་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་ཆེན་སེང་གེའི་སྒྲ་སྒྲོགས་པ།། དེ་བཞིན་གཤེགས་སྨྲ་བས
270a2 མྱི་ཁྱབ།། སེམས་ཅན་རྣམས་ལ་སྨན་སླད་དུ།། སེང་ཀེའི་སྒྲ་ནི་མངོན་པར་སྒྲོགས།། ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ
270a3 པ།། སེང་གེའི་རྣམ་པར་རྩེ་བ་ལ་དམྱིགས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་པ།། སེང་གེའི་རྣམ་པར་རྩེ་བ་བསམ་གྱིས་མྱི་ཁྱབ་པས་རྣམ་པར་རོལ་པས་གསོལ་པ། བཅོམ
270a4 ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་བྱ་བར་དཀའ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྲང་མ་དང་བུང་བའི་མེ་ཏོག་གི་དྲི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་རྣམ་པར་བསྒྱིངས་པའི་བློ་གྲོས་ཀྱིས་རྣམ
270a5 པར་རྩེ་ཞིང་གཉིད་ཀྱིས་གནོནད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་ལྷུན་པོ་མངོན་པར་རབ་ཏུ་གཡོའ་བའི་མཆོག་ཐོབ་པར་དག། ལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུ་འབབ་པ་ལྟ་བུར་རྩེ་བའི
270a6 རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ས་ཀུན་ཏུ་རབ་ཏུ་གཡོ་བ་རྒྱ་ཆེར་རྩེ་བ་ལ་དམྱིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལག་པ་གཡས་ཀ་ཡོན་གྱི་མཐིལ་གསལ་བར་གཅོད་པ་ལྟ་བུར་མངོན་པར་ཆེ་བ་ཞེས
270a7 བྱ་བ་ཆོས་ཀྱི་སྒོ་དང་། ཉ་བོ་ཆེ་དག་གི་འཇུག་མ་མངོན་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐོབ་པར་དཀའ་བ་དང་། རྟོགས་པར་དཀའ་བ་རབ་ཏུ་སྟོནད་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན
270a8 ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དཀའ་ཞིང་མངོན་པར་རྩེ་བ་ལ་དམྱིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་སེང་གེ་རྣམ་པར་རྩེ་བ་ལ་དམྱིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ
270a9 སེང་གེ་དཔའ་བོ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་དཔེའ་མྱེད་པ།། ཡེ་ཤེས་དཔེའ་མྱེད་དག་ལ་རབ་གནས།། སེམས།




iiif viewer powered by OpenSeadragon

269b - 270b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo