| e-texts navigator |
| Wylie |
269b1 རྒྱ་མཚོའི་རྣམ་པ་རྟག་པའི་དུས་ཆོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོའི་དུས་ངེས་པ་ལ་མངོན་པར་རྩེ་བའི་རྣམ་པའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡང་དག་པའི་ལམ་གྱི་རྣམ་པ་མངོན
269b2 པར་མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དུལ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དམ་པའི་ཡང་དག་ལམ
269b3 བསྲུངས་པ།། སེར་སྣ་ལས་འདས་རྣམ་པར་དག། སེམས་ཅན་རྣམས་ལ་སྨན་སླད་དུ། ཆོས་རྣམས་སྣ་ཚོགས་ཡང་དག་སྟོན་།། ཡང་དག་པའི་ལམ་གི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པའི་ཆོས་ཀྱི་སྒོའི་གླེང་གཞི
269b4 ལེའུ་ཞེས་བྱ་སྟེ། བཅུ་དགུ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་དེལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས
269b5 བཤད་དུ་གསོལ་ད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ། མཉམ་པ་དང་གྱ་གྱུ་ཅན་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རེ་བྲོ་བ་ཐམས་ཅད་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི
269b6 སྒོ་དང་། གཞུང་ལུགས་ལ་རྣམ་པར་ཆེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་ལ་རབ་ཏུ་དཀའ་བའི་རྒྱལ
269b7 པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་དང་བའི་སྤྱོད་ལམ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། འཕགས་པས་རབ་ཏུ་བརྒྱདད་པའི་ནུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དྲི་མའི་སྙིང་པོ་དྲི་མ་མྱེད་པར་བྱེད་པ
269b8 རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།། དམྱིགས་པའི་རྣལ་འབྱོར་ཀྱི་དགེ་བས་མངོན་པར་ཚིམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཕྲ་ཞིང་ཟབ་པའི་གླིང་གཞི་ལ་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་སྒོ་ཡིན་ནོ།།