e-texts navigator
Collection
Volume
Page
Wylie

269a1 པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བས་ཚིམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཀའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་རབ་ཏུ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང
269a2 ཟབ་ཅིང་བརྟན་པའི་ཆུ་བོ་ལ་འཇུག་པ་ཞེས་བྱ་བའི་སྒོ་དང་། སེམས་ཀྱི་བློ་གྲོས་ཀྱི་སྤྱོད་ཡུལ་གྱི་བདེ་བ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བ་མྱི་ཟད་ཅིང་གདོང་མ་ནས་དྲི་མ་མྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
269a3 ཐམས་ཅད་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལོངས་སྤྱོད་ཀྱི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་རས་ངེས
269a4 ཚེ་ལྷ་མོ་ལག་ན་སྣང་ཆང་ཐོགས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས།། ཚིགས་སུ་བཅད་པ་འདི་སྨྲས་སོ།། མཚནམ་མྱི་མངའ་དེ་བཞིན་གཤེགས།། བཟུང་དུ་མྱེད་ཅིང་རེག་དུ་མྱེད
269a5 སེམས་ཅན་རྣམས་ལ་སྨན་སླད་དུ།། གསང་བ་སྣ་ཚོགས་སྟོན་བ་མཛད།། ལོངས་སྤྱོད་ཀྱི་ཟད་པའི་རྣམ་པ་ལ་འཇུག་པའི་རྣམ་པ་ར་འཕྲུལ་པའི་རྒྱལ་པོའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ།
269a6 བཅོ་བརྒྱད་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཡང་དག་པའི་ལམ་གི་རྣམ་པ་མངོན་པར་མཚོ་དད་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས
269a7 བཤད་དུ་གསོལཔ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཟ་བ་རྒྱས་པའི་རྔམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བརྟན་པའི་རྣམ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བའི་སྟོབས་ཀྱིས་རྣམ་པར་རྒྱལ་བའི་རིམ་པོ་ལྡན
269a8 མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷ་ཐམས་ཅད་ཀྱི་གནས་ཤར་ཕྱོགས་སུ་ལྟས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་རྫོགས་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས
269a9 ཅད་ཀྱིས་མ་གོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ཐམས་ཅད་ལ་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ངན་པར་ཞུགས་པ་ཐམས་ཅད་སྤངས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།




iiif viewer powered by OpenSeadragon

268b - 269b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo