| e-texts navigator |
| Wylie |
268a1 རི་མ་ལ་ཡ་མཐའ་ཡས་པ་ཞེས་བྱ་བ་དང་། དགེ་བ་འབྱོར་ད་པ་ཞེས་བྱ་བ་དང་། དཀའ་བ་ཕུན་གསུམ་ཚོགས་པ་ཞེས་བྱ་བ་དང་། ཚུལ་གྱི་རྣམ་པ་ལ་འཇུག་པ་ཞེས་བྱ་བ་དང་། མེ་ལོང་གི་དཀྱིལ་འཁོར་མ་བསྒྲིབས་པ
268a2 ཞེས་བྱ་བ་དང་། དྲད་པའི་ཕྱོགས་མྱི་ཟད་པ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བ་ཡིད་དུ་འོང་བ་ལ་འཇུག་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོནད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།།
268a3 དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དགའ་བ་ཞེས་བྱ་བས།། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས།། ཚིགས་སུ་བཅད་པ་འདི་སྨྲས།། ཀྱེ་མ་བཅོམ་ལྡན་སངས་རྒྱས་མྱི་བསྐྱོད་པ།། ཆོ་འཕྲུལ་ཆེན་པོའི་རྒྱལ་པོ་དེ་བཞིན་གཤེགས།
268a4 སེམས་ཅན་རྣམས་ཀྱི་ཤེས་པ་བསྐྱེད་དོན་དུ།། དེ་རིང་ཆོས་རྣམས་སྣ་ཚོ་གྲས་སྟོན་པ་མཛད།། ཆོ་འཕྲུལ་ཆེན་པོའི་གླིང་གཞིའི་ལེའུ་ཞེས་བྱ་སྟེ། བཅོ་ལྔ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ
268a5 ཆོས་ཀྱི་ཐོག་ཏོག་གི་འབྲེལ་པའི་གཏམ་ལ་འཇུག་པའི་རྣམ་པར་འ།། ཕྲུལ་བའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འད། ས་ཀྱིས་བཤད་དུ་གསོལ་ད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
268a6 བ། ཐོག་ཏོག་གི་རིན་པོ་ཆེའི་འབྱུང་གནས་ཤེས་བྱ་བ་དང་། ཐོག་ཏོགགི་རྒྱ་མཚོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྦྱོར་བའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྨན་ཆེན་པོའི་མཛོད་བརྟན་པ་ཞེས་བྱ་བ་དང་། ཐོག
268a7 ཏོག་གི་སྤྱིའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏྲོག་གི་བློ་གྲོས་མྱི་ཟད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྙིང་པོ་མཆོག་ཅེས་བྱ་བ་དང་། ཁོ་ག་ཏོག་གི་སྒྲོན་མའི་ངེད་དཔོན་ཐོབ་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་ཕྱོགས་ཀྱི་མཚོན་\ུ0f7f།
268a8 མཆོག་ཅེས་བྱ་བ་དང་། ཐོག་ཏོག་ཟབ་མོའི་འདུ་ཤེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོས་ཀྱི་འོག་ཏོག་གི་འབྲེལ་པའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་མངོན
268a9 བར་བསྲེགས་མ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ལྷ་ཆེན་ཆོས་ཀྱི་སྤྲིན་ལགས་ཏེ།། ཐོག་ཏོག་རྒྱལ་པོ་དེ་བཞིན་གཤེགས། དེ་བཞིན་གཤེགས་པས་ཉོན