e-texts navigator
Collection
Volume
Page
Wylie

267b1 པར་འཇུག། དེ་རིང་ཁྱེད་ཀྱི་གཟི་བརྗིད་ཀྱིས།། འཇིག་རྟེན་འཐུན་པ་བདག་ཀྱིས་བསླབས།། བསམ་གྱིས་མྱི་ཁྱབ་བསམ་ཡས་ལྷ།། དེ་བཞིན་གཤེགས་པ་མཚུངས་མྱེད་མཚུངས།། སེམས་ཅན་རྣམས་ལ་སྨན་སླད་དུ།།
267b2 ཆོས་རྣམས་སྣ་ཚོགས་བསྟོནད་པ་མཛད།། སྤྲིན་ཆེན་པོའི་གློག་འགྱུ་བ་དང་། ལྡན་ཞིང་མུན་པ་འཇོམས་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། བཅུ་གསུམ་པོ།། ། སྤྲིན་ཆེན་སྙིང་པོ་གསོལ་པ། སྤྲིན་ཆེན་པོའི་ཀློག
267b3 གི་སྒྱུ་འཕྲུལ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ།། རྟག་ཏུ་བརྗོད་པ་ཞེས་བྱ་བ་དང་། སྤྲིད་ཆེན་པོའི་གློག་གི་སྒྱུ་འཕྲུལ་རྟག་ཏུ་མངོན་པར་སྲུང་བ་ཞེས
267b4 བྱ་བ་དང་། རྟག་ཏུ་མངོན་པར་དཀའ་བ་ཞེས་བྱ་བ་དང་། མྱེ་ལ་མངོན་པར་རྩེ་བ་ཞེས་བྱ་བ་དང་། སྐྱེ་གནས་ཐམས་ཅད་དུ་མངོན་པར་འཇུག་པ་ལ་དགའ་བ་ཞེས་བྱ་བ་དང་། རྙེད་པ་དང་བཅས་པའི་འགྲོ་བ་ལ་རབ་ཏུ་མགུ
267b5 བ་ཞེས་བྱ་བ་དང་། ཆུ་འབྱེད་དཀར་མོ་ཞེས་བྱ་བ་དང་། འོད་འཕྲོ་བའི་རྒྱལ་པོ་མངོན་དུ་བྱེད་པ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་འཕག། ས་པ་མངོན་པར་རྒྱས་པའི་འཕྲེང་བ་རྒྱུས་པ་ཞེས་བྱ་བ་སྟེ། བཅུ་པོ་དེ
267b6 དག་ནི་སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་སྤྲིན་གི་ཆུང་མ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།།
267b7 ཀྱེ་མ་བཅོམ་ལྡན་འདས་སང་ས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མྱི་ཁྱབ་སྟེ།། སྒྱུ་འཕྲུལ་རྒྱལ་པོ་དེ་བཞིན་གཤེགས།། སེམས་ཅན་རྣམས་ལ་སྨན་སྲད་དུ།། སྒྱུ་འཕྲུལ་སྣ་ཚོགས་སྟོནང་པ་མཛང་།། སྤྲིན་ཆེན་པོའི་གློག་གི
267b8 སྒྱུ་འཕྲུལ་གི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། བཅུ་བཞི་པའོ།། ། སྦྱིན་ཆེད་སྙིང་པོས་གསོལ་བ། ཆོ་འཕྲུལ་ཆེན་པོའི་སྒྲོད་མ་སྟོ་ང་བ་ཞེས་བགྱི་བ་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤང་དུ་གསོ།
267b9 བཅོམ་ལྡན་འདས་ཀྱིས་བཀའ་སྩལང་བ།། གཏེར་གྱི་ཟད་པ་ལ་འཇུག་པའི་ཆོ་འཕྲུལ་སྟོདང་པ་ཞེས་བྱ་བ་དང་། རིན་པོ་ཆེའི་མཛོད་སྡུད་པ་ཞེས་བྱ་བ་དང་། རྣམ་པར་ཐར་པ་བསམ་གྱིས་ཀྱི་ཁྱབ་པ་ལ་གནས་པའི་མཛོད་ཅེས་བྱ་བ




iiif viewer powered by OpenSeadragon

267a - 268a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo