| e-texts navigator |
| Wylie |
267a1 ན་པ་མམཔར་བྱུང་བ་ཞེས་། ས་སྡུན་འདས་སོད་པ་#། སྨྲས་ས་ཀཱ་ལུ་བ་རྣམས།། ཐ
267a2 སུ་མེ་བ། ནམ་མཁའ་དང་ནི་མཚུངས་འདྲ་སྟེ། དེ་བཞིན་གཤེགས་པ་ཁབས་ཀྱི་གཟུགས། བདག་གིས་ཟུང་བད་བརྗོད་ཀྱི་དུས། བྲོག་གི་འོང་གི་གླིང་གཞིའི་ལེའུ་ཞེས་བྱ་སྟེ། བཅུ་གཉིས་པའོ།།
267a3 སྤྲིན་ཆེན་སྙིང་པོས་གསོལ་པ།། སེམས་ཅན་ཐམས་ཅད་ལ་སྤྱན་པ་དང་། བདེ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཉིའི་མའི་འོད་གཟེར་ཆེན་པོ་མཐའ་ཡས་པ་རབ་ཏུ་དབྱེ་བར་གསོལ་ད།། སྤྲིན་ཆེན་པོའི་སྲོག་འབྲུ
267a4 བ་དང་། ལྡན་པ་ལ་འདུག་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རླུང་གི་མཐུ་དང་མཉམ་པའི་ཤུགས་ཀྱི་གློག་གི་འོད་འགྱུ་བའི་རྒྱལ
267a5 པོ་ཞེས་བྱ་བ་དང་། ཡེ་ཤེས་ཤི་ནང་ཏུ་རྣོ་བ་ཞེས་བྱ་བ་དང་། ཡེ་ཤེས་མངོན་པར་གཏན་ལ་འབྱེབས་པའི་རྒྱལ་པོ་ཞེས་བྱ་བ་དང་། ལྷན། ཅིག་འཇུག་པའི་ཞུགས་ཀིས་སྒྲ་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་།
267a6 རྒྱ་མཚོའི་རླབས་གཡོའ་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་འདོད་ཅིང་རབ་ཏུ་བསྲུང་བ་ཞེས་བྱ་བ་དང་། ནོར་གྱིས་རྒྱལ་པོ་མཚམས་སྦྱོར་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི
267a7 བོ་ཆེ་དུག་གནོད་པའི་སྨད་ཀི་རྒྱལ་པོ་ཞེས་བྱ་བ་དང་། ཤིནད་ཏུ་མཛེས་པས་སྟོནད་པ་སྟོབས་དང་ལྡན་པར་བྱེད་པ་ཞེས་བྱ་བ་དང་། མུན་པ་དང་ཆབ་རོལ་ལྟ་བུ་རའི་ཉོན་མོངས་པའི་རྩ་བ་རྣམ་པར་བསྒྲོགས་པ་ལ་རྣམ་པར
267a8 འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་ཤུགས་ལྡན་མ་ཞེས་བྱ་བས། བཅོམ
267a9 ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ང་རྒྱལ་མྱི་མངའ་བསྙེངས་མྱི་མངལ།། ཐུགས་རྗེར་ལྡན་ཞིང་སྐྱོན་མྱི་མངའ།། དཔའ་བོ་ཐབས་ལ་མཁས་པ་སྟེ། འཇིག་རྟེན་ཀུན་དང་མཐུན