| e-texts navigator |
| Wylie |
266b1 པའི་ཡང་དག་པའི་རྒྱལ་པོ་ཞེས་བྱ་བ་དང་། བསམ་གྱིས་མྱི་ཁྱབ་པའི་གནས་ཞེས་བྱ་བ་དང་། ཆགས་པ་མྱེད་པའི་ནན་ཏན་གི་རྣམ་པ་ཞེས་བྱ་བ་དང་། རྒྱ་མཚོ་ཟབ་མོའི་དུས་ཤི་ནད་ཏུ་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དུས་ཚིགས་ཡིད
266b2 དུ་འོང་བ་ལ་མངོན་པར་རབ་ཏུ་དགའ་བ་ཞེས་བྱ་བ་དང་།། ནཾ་མཉྫ་དང་མཉམ་པའི་ཡེ་ཤེས་ཀྱི་ཆར་སྤྲིན་ཆེན་པོའི་ནེམ་མཁའི་མཛོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་འབྱུང་ཞིང་འདུ་བའི་རྣམ་པར
266b3 འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་ཚུལ་ལ་མཁས་པ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། གསང་སྲུང་དཔའ་བོ་ཆེན་པོ
266b4 སྟེ།། དེ་བཞིན་གཤེགས་པ་གསང་བས་བསྲུངས།། སེམས་ཅན་རྣམས་ལ་སྨན་སླད་དུ། གསང་བ་སྣ་ཚོགས་སྟོནད་པ་མཛད།། སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་བྱུང་བའི་གླེང་གཞིའི་ལེའུ་ཞེས་བྱ
266b5 སྟེ་བཅུ་གཅིག་པའོ།། ། སྤྲིན་ཆེན་སྟི་ད་པོས་གསོལ་ད་པ། སྤྲིན་ཆེན་པོའི་ཀློག་གི་འོད་སྣང་བའི་སྒོ་ཞེ། ས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ
266b6 གསོལ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མངོན་པར་རབ་ཏུ་འབར་བར་མཛད་དུ་གསོལ་ད། བཅོམ་ལྡན་འདས་ཀྱིས་བཀའ་སྦལ་པ།། རིན་པོ་ཆེའི་མཛོད་ཀྱི་འོད་གཟེར་གི་གློག་གི་འོད་ཅེས
266b7 བྱ་བ་དང་། ནམ་མཁའ་ལ་བརྩོན་འགྲུས་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། ཤི་ནང་ཏུ་བསྲུངས་པ་ཞེས་བྱ་བ་དང་། མཚམས་ཀྱི་དུས་ཚོད་རྒྱལ་པོ་ཞེས་བྱ་བ་དང་། དཔལ་གྱིས་བསྲུངས་པའི་བློ་གྲོས་འདོད་པའི་བློའི་རྒྱལ་པོ་ཞེས
266b8 བྱ་བ་དང་། དྲི་མ་མྱེད་པའི་གསེར་གི་གློག་གི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། བེ་དུ་ནྱའི་སྙིང་པོའི་བྲེ་གྲོས་མྱི་ཟང་པོའི་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། གནས་ལ་མངོན་པར་མོས་པའི་གློག་གི་འོད་ཅེས་བྱ་བ་དང་། ཡོན་ཏམ
266b9 ཀི་རྒྱ་མཚོ་ཟབ་མོ་བརྟན་པའི་ཀློག་གི་འོད་ཅེས་བྱ་བ་དང་། ཡུལ་ཆབ་དུ་འབེབས་པའི་གློག་གི་འོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ