e-texts navigator
Collection
Volume
Page
Wylie

266a1 རྒྱུད་རིང་པོ་ཆེའི་རིང་ཅུའི་རྒྱལ་པོ་ཞེས་བྱ་བ་དང་། ཆ་རད་ཀྱི་དྲ་བའི་སྙིང་པོའི་ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ་དང་ཆར་གྱི་དྲིམ་སེལྡ་པ་ཞེས་བྱ་བ་དང་། ཆར་གི་དྲ་བ་སྣ་ཚོགས་ཀྱི་ཆུའི་གདུག་པ་སེལ་པའི་རྒྱལ་པོ་ཞེས
266a2 བྱ་བ་དང་། ཆར་གྱི་དྲ་བ་བདེ་བསིལ་ངོམས་པར་བྱེད་པ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་དམྱིགས་པ་ཡང་དག་པའི་སྤྱོད་ཡུལ་གྱི་རྒྱལ་པོ་ཞེས་བྱ་བ་དང་ཆར་སྣ་ཚོགས་ལ་ཡང་དག་པར་ལྟ་བ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དང་།
266a3 ཆ་སྣ་ཚོགས་ཀྱི་བསོད་ནམས་ཀྱི་རྣམ་པའི་ཞིང་ལ་དབང་བྱེད་པ་ཞེས་བྱ་བ་དང་། ཆང་གི་རླབས་བདེ་བ་བསིལ་སྤནད་ཀྱི་ཆར་འབེབས་ཀླུའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཆར་གྱི་རྒྱུད་བསམ་གྱིས་ཀྱི་ཁྱབ
266a4 བའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་ནམ་མཁའ་ལ་བསྒྲགས་པ་ཞེས་བྱ་བས། @6མ་ལྡན་འདས་ལ་མཆོད་པ་བྱས་ནས།། ཚིགས་སུ་བཅད་པ་འདི
266a5 དག་སྨྲས་སོ།། ཁྱོད་ཀྱིས་དེ་རིང་གསང་བ་མང་པོ་རབ་ཏུ་བཤད།། ལྷ་རྣམས་སྟོང་ཕྲག་བྱེ་བ་རབ་ཏུ་གྲོལ་བར་མཛད།། སེམས་ཅན་མང་པོ་དག་ཀྱང་ཁྱོད་ཀྱིས་གྲོལ་བར་མཛད། རྒ་ནང་བཟློག་ཕྱིར་མྱ་ངན
266a6 འདས་ལ་ཡང་དག་རྟོགས། ཁྱོད་ནི་ལྷའི་ལྷ་མཆོག་བླ་ན་མྱེད་པ་ལགས། ཁྱོད་ནི་གསང་བའི་གསང་བ་ཁྱོད་ནི་འཇིག་རྟེན་མགོན།། ཆོས་རྣམས་རྣམ་པ་སྣ་ཚོགས་དོན་ཡོད་སྟོན་པ་མཛད།། ཡེ་ཤེས་འོད་འཕྲོ་སྒྲོན
266a7 མ་དཔ་པ་རྟག་ཏུ་སྣང་།། བསོད་ནམས་ཀྱི་རྣམ་པ་ཡོངས་སུ་བརྗོད་པའི་གླེང་བཞིའི་ལེའུ་ཞེས་བྱ་སྟེ། བཅུ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ།། སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས
266a8 བྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བ་ནས་སྐྱེ་བའི་རབ་ཏུ་མཀུ་བ་ལ་མཁས་པའི་རྒྱལ
266a9 པོ་ཞེས་བྱ་བ་དང་། རྩ་བའི་རང་བཞིན་ལེགས་པར་མཐོང་ནས་རྟག་ཏུ་བརྗོད་པ་ཞེས་བྱ་བ་དང་། མཉམ་པ་དང་མྱི་མཉམ་པའི་ཡེ་ཤེས་ཤི་ནད་ཏུ་མཐོང་བའི་རྒྱལ་པོ་ཞེས་བྱ་བ་དང་། བརྟག་པའི་ཕྱག་རྒྱ་ཞེས་བྱ་བ་དང་། བློ་གྲོས་མྱི་ཟད




iiif viewer powered by OpenSeadragon

265b - 266b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo