| e-texts navigator |
| Wylie |
265a1 xxx
265a2 བྱེད་པ་རྩོག་ཅེས་བྱ་བ་དང་། ཡང་དག་པར་བརྗོད་པ་ཡོད་ཅེས་བྱ་བ་དང་། རྒྱསས་ཀི་ནང་ཏུ་འཕགས་པར་དབྱིགས་པ་ཞེས་བྱ་བ་དང་། སྙིང་པོ་དྲིམ་བྱེད་པ་ཞེས་བྱ་བ་དང་། འཛིན་འོད་འགྲོ་ཞེས་རྩུ་བ་དང་། མད་པར
265a3 ནལ་། པོ་གན་མིགསས་མོངས་པའི་ན་པོ་བ་ས་ཀྱིས་ཀྱི་ཐབ་པས་བཟུང་བ་ངས་པར་འགྱུལ་བའི་མ་པ་ས་བྱ་བ་ཚས་བྱིན་པ་ད་།། དེ་པ་མི་གའི་བུ་ཟེང་བ
265a4 ཅད་ཞེས་བྱ་བས།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིག་སུ་སུ་བཅད་པ་འདི་སྨྲས་སོ།། སངས་རྒྱས་སྲེ་ཤེས་བསམ་གྱི་ཁྱབ། ཀྱེ་ས་སེམས་ཅན་ཀུན་པར་ཕྱི།། ཡེ་ཤེས་རྨོངས་པ་སྣ་ཚོགས་པ།
265a5 དེ་བཞིན་གཤེགས་པ་སྟོ་ཟེར་མཛད།། ཡེ་ཤེས་པ་ཆོངས་པ་གཟུང་བའི་གླིང་གཞིའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། སྤྲིན་ཆེར་སྙིང་པོས་གསོས་པ།
265a6 ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བརྒྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ།། ཤིནང་ཏུ་ཡངས་པའི་སྙིང
265a7 པོ་བཅུ་ལ་གུས་པར་འཇུག་པ་ཞེས་བྱ་བ་དང་། ནམ་མཁས་བསྲུངས་པ་ཞེས་བྱ་བ་དང་། དུས་བཟངས་ཟབ་མོ་ལ་འཇུག་པ་ཞེས་བྱ་བ་དང་། ཕྲ་བ་ལ་དགའ་བ་ཞེས་བྱ་བ་དང་།། རྒྱ་མཚོ་མྱི་བསྐྱོད་པ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་འོད
265a8 འཕྲོ་བའི་འོད་ཅེས་བྱ་བ་དང་། ངག་གི་རང་བཞིན་གཙང་བ་ལ་འཇུག་པ་ཞེས་བྱ་བ་དང་། ཉོན་མོངས་པའི་བུད་ཤིང་ཚིག་པ་བྲི་མ་མྱེད་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་བརྟད་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་དྲ
265a9 མབྱེད་པ་ཞེས་བྱ་བའི་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་ཟབ་མོ་བརྟམ་པ་འཐོབ་པ་ལ་འཇུག་པའི་རྔམ་པའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྔ་མོ་གསེར་ལྟར་གསལ་བ་ཞེས་བྱ་བས།། བཅོམ་ལྡན་འདས་ལ་མཆོད་པ