| e-texts navigator |
| Wylie |
264a1 དེ་དག་ནི་ལྡེམ་པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གི་ཆོས་ཀྱི་ཐབས་ཀྱི་རྒྱུ་ནད་ཀྱི་རྣམ་པར་ཐ་རད་པའི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་སྐྱེ་བོ་ཐམས་ཅད་དགའ་བ་ཞེས་བྱ
264a2 བས། བཅོམ་ལྡམ་འདས་ལ་ལྔའི་མཆོད་པ་ཆེན་པོ་བྱས་ནས།། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་རེང་ནི་ཉན་ཐོས་ཀུན།། མྱོས་པར་བྱེད་པའི་རྒྱུ་ཆེར་བྱུང་སེམས་ཅན་རྣམས་ལ་སྨད་དུ།། ལྷ་ཆེན་མཐའ་ཡས་གཟུགས་མངའ
264a3 པ། དེ་བཞིན་གཤེགས་པའི་ལྡེམ་པོ་ངཀ། ཐུགས་སུ་ཆུད་ནས་སྟོན་པར་མཛད།། ། སྡེམ་པོ་ངག་གི་གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ། བཞི་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། སྲིད་པར
264a4 སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་བའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྤྲིན
264a5 ཆེན་སྙིང་པོ་སྤྲིན་ཆེན་པོའི་མེ་དོའི་ལ་སྲིད་པར་སྐྱེ་བས་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྲིད་པར་སྐྱེ་བ་ལ་འདོད་ཅིང་བློ་གྲོ། ས་དད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་སྲེད་པ་ཞེས་བྱ་བ་དང་།
264a6 སྲིད་པར་སྐྱེ་བ་ལ་བཙམ་པ་མྱེད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་རབ་ཏུ་དད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བར་སྨོནད་པ་ལ་མཁས་པ་འི་བྱ་བ་དང་། སྲིད་པར་སྐྱེ་བའི་བསྔགས་པ་བའརྗོད་པ། དེ་བྱ་བ་དང་། སྲིད་པ་སྐྱེ་བ་ལ་དམྱིགས་པའི་རྒྱལ་ལོ་ཞེས་བྱ་བ་དང་།
264a7 སྲིད་པར་སྐྱེ་བ་ལ་ཡཁས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། མིང་བར་སྐྱེ་བནི་ཕྱི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་གོས་པར་གནས་ཤིང་འཇུག་པ་གསང་བའི་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། བཅུ་པོ་དེ་དག་ནི
264a8 སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་རྒྱ་ཆེར་དཀའ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས།
264a9 ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། མ་སྐྱེས་ཁྱོད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ། སྲིད་པར་སྐྱེ་བ་སྣ་ཚོགས་པ། དྲི་མ་མྱེད་ཐམས་ཅད་ཐུབ་པས་བསྟནད།། དཔའ་བོ་ཆེན་པོ་རྟག་པའི་སྐུ། སྲིད་སྐྱེའི