e-texts navigator
Collection
Volume
Page
Wylie

263a1 ཕྱིར་མྱི་ཟློགས་པའི་སྤྲིན་ཆེར་པོ་གཡོལ་བར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་སྒྲོགས་པའི་སྤྲིང་ཆེར་པོའི་སྙིང་པོ་ཚུལ་གྱི་རྣམ་པས་བརྒྱུད་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོལ།
263a2 སྙིང་པོའི་མཛོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིང་ཆེར་སྙིང་པོའི་ཆུ་སྟོ་དང་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཐོགས་པའི་སྤྲིན་ཆེན་པོ་ཟད་མྱི་ཤེས་པའི་ཆུ་སྲུང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིད་ཆེན
263a3 བོའི་ཆུའི་ཀུ་མུ་དའི་ཟླ་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོའི་གཞི་འཛིནད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོ་བསམ་གྱིས་མྱི་ཁྱབ་པའི་བློ་གྲོས་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི་གཟུངས
263a4 ཡོད་དེ། སུམ་བཅུ་རྩ་དྲུག་པོ་དེ་དག་ནི་ཕྱིར་གྱི་ཟློགས་པའི་ཡེ་ཤེས་པ་ཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་ར་བའི་གཟུངས་ཀྱི་སྒོ་སྟེ། དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ
263a5 ནི་རྩིས་མཁན་གྱི་རྒྱལ་པོར་འགྱུར་རོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷ་མོ་རིན་པོ་ཆེན་པོའི་འཕྲེང་བའི་གཟུངས་ལ་དཀའ་བ་ཞེས་བྱ་བ་ཏ་ལ་བདུན་སྲིད་ཙམ་པར་སྡང་བ་འདུག་སྟེ། བཅོམ་ལྡན
263a6 འདས་ལ་མེ་ཏོག་གི་ཆར་རབ་ཏུ་ཕབ་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཡེ་ཤེས་དཔའ་བོ་ཆེན་པོ་མྱ་མཉམ་མཉམ།། དེ་བཞིན་གཤེ་གས་པ་རྡོ་རྗེ་སྲ་བའི་སྐུ།། རིག་པའི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་པ
263a7 མྱེའི་པད་མ་ཁྱོད་ལ་ཕྱག་འཚལ་ལོ།། གཟུངས་སོ་ཅོག་གི་འབྲུག་གི་སྒྲ་སྤགས་ཏེ།། དེ་བཞིན་གཤེགས་པས་ཆོས་ཆར་རབ་ཏུ་ཕབ།། སེམས་ཅན་རྣམས་ལ་ཕ་པ་མཛད་སླད་དུ།། ཆོས་རྣམས་སྣ་ཚོགས་རབ་ཏུ་སྟོང
263a8 པ་མཛད།། ། གཟུངས་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ། གསུམ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ།། སེམས་ཅད་མྱི་གསལ་ཞིང་གླེད་ལ། སེམས
263a9 རྟུལ་བ་མུན་པ་ཆེན་པོར་ཞུགས་པ་རྣམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པའི་སྒྲོན་མའི་འོད་གཟེར་ཕྲ་མོ་རབ་ཏུ་དབྱེ་བར་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། སྤྲིན་ཆེན




iiif viewer powered by OpenSeadragon

262b - 263b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo