| e-texts navigator |
| Wylie |
262a1 བབ་ང་། སུལ་མོ་གསས་པའི་སྐ་ངས་ས་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་ལོགས་སུ་པལ་མོ་སྦྱར་བ་འདུད་དེ། བཅོམ་ལྡན་འདས་ཀྱི་ཞབས་ས་མག་འོས་ཕྱག་འཚལ་ནས། སྒྲའི་མི
262a2 ཏོག་དང་། ཅན་དས་ཀྱི་ཕྱེ་མས་བསྒོ་བ་དག་གིས། དེ་བཞིད་གཤེགས་པས་མངོན་པར་གཏོར་ཏེ། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལང་ནས། ཁ་མཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེས
262a3 བཅོམ་ལྡན་སངས་རྒྱས་ནི།། ཐམ་ས་ཡས་དཔག་མྱེད་དེ་བཞིན་གཤེགས།། སེམས་ཅན་རྣམས་ལ་སྲད་དུ།། ཆར་ཆེ་མཇམ་པ་སྣ་ཚོགས་འི་བེབས།། ཏིང་ངེ་འཛིན་ཀྱི་ལེའུ་ཞེས་བྱ་སྟེ་གཉིས་པའོ།།
262a4 བམ་པོ་། དེ་ནས་བཅོམ་ལྡན་འདས
262a5 ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ། ས་འདི་སྐད་ཅེས་གསོལ་ཏོ།། ཤི་ནང་ཏུ་རྒྱས་པ་ལས་ཕྱི་རོལ་པ་འོན་པ་ལྟ་བུར་གྱུརྡ་པ་རྣམས་ཀྱི་ཐེག་པ་ཆེན་པོའི་རྫི་བའི་ཁམས་ཡོངས
262a6 སུ་རྫོགས་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཕྱིར་མྱི་ཟློགས་པའི་ཡེ་ཤེས་མཐའ་ཡས་པ། རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུ་ག་པ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་སྒོའི་གཞི་གསུམ་བཅུ་རྩ་དྲུག
262a7 སྔར་སྨོས་ཏེ། བཞག་པ་རྒྱས་པ་བཤད་དུ་གསོལ་ད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྤྲིན་ཅེན་སྙིང་པོ་ཕྱིར་མྱི་ཟློགས་པའི་ཡེ་ཤེས་མཐའ་ཡོས་རིན་པོ་ཆེའི་འབྱུང་ནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི
262a8 སྒོ་སུམ་བཅུ་རྩ་དྲུག་རྒྱ་ཆེར་ཉོན་གཅིག། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མྱི་ཁྱབ་པ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མྱི་ཟློག་པའི་འཁོར་ལོ་རིན་པོ་ཆེའི་མཛོད་ཅེས
262a9 བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོ་དྲི་མ་མྱེད་པའི་སྙིང་པོའི་ཆུ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོའི་སྙིང་པོ་སྣང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མྱི་ཟློགས་པའི་སྤྲིན་ཆེན་པོའི་ཆུའི་བློ་གྲོས