e-texts navigator
Collection
Volume
Page
Wylie

261b1 བསམ་གྱིས་མྱི་ཁྱབ་པ་མཚུངས་པ་མྱེད་པ། དཔེའ་མྱེད་པ། གྲངས་མྱེད་པ། དཔག་ཏུ་མྱེད་པ། བགྲང་བ་ལས་འདས་པ་ལ་འགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་བཞི་བརྒྱ་པོ་འདི་དང་ལྡན་པའི
261b2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིནད་ཀྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་པ་ལས་ཡང་དག་པར་སྩོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཟོས་པ་ཡང་དག་པར
261b3 སྩོགས་པར་ཡང་འགྱུར་རོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མྱི་ཟ་ཞིང་ཡིད་གཉིས་མྱེད་དོ།། ཐེ་ཙོམ་མྱི་ཟ་བར་ཡང་འགྱུར་རོ།། མྱི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མྱི་འགྱུར་རོ།། སྔ་མ་བཞིན་དུ
261b4 སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་པ།། མཚུངས་པ་མྱེད་པ། དཔེའ་མྱེད་པ། གྲངས་མྱེད་པ། དཔག་ཏུ་མྱེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ་ཏང་།
261b5 ངེ་འཛིནད་ཀྱི་སྒོ་བཞི་བརྒྱ་པོ།། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་མྱི་ཟད་པའི་གཏེར་རིན་པོ་ཆེའི་ཡན་ལག་གི་སྒོ་གང་ཡིན་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེཾས
261b6 དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིནད་ཀྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་དེ་ཡང་དག་པར་སྩོགས་པར་ཡང་འགྱུར། རོ།། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སྩོགས
261b7 པར་ཡང་འགྱུར་རོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མྱི་ཟ་ཞིང་ཡིད་གཉིས་མྱེད་དེ་ཐེ་ཙོམ་ཟ་ལ་མྱི་འགྱུར་རོ།། མྱི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མྱི་འགྱུར་རོ།། སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས
261b8 ཐམས་ཅད་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་པ་དང་། མཚུངས་པ་མྱེད་པ། དཔེའ་མྱེད་པ། གྲངས་མྱེད་པ། དཔག་ཏུ་མྱེད་པ། བགྲང་བ་ལས་འདས་པ་བགྲང་བའི་རྒྱལ་པོའི་ཡང་འགྱུར་རོ།། འཇིག་རྟེན་དང་འཐུན་པར་འཇུག་པ
261b9 ཡུལ་ཤེས་པར་ཡང་འགྱུར་རོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དྲི་མ་མྱེད་པའི་འོད་ཀྱི་འཕྲེང་བ་ཅན་ཞེས་བྱ་བའི་ལྷའི་བུ་ས་ཡ་བརྒྱད་འབུམ་དང་ལྷན་ཅིག་ཏུ་བསྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ




iiif viewer powered by OpenSeadragon

261a - 262a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo