| e-texts navigator |
| Wylie |
261a1 ལས་གྲོལ་བར་མཛད་པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་ཀྱིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བར་སྟོན་ད་ཏེ། རྒལ་ནས་བསྒྲལ་བར་བྱའོ།།
261a2 གྲོལ་ནས་དཀྲོལ་བར་བྱའོ།། སྙན་ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་གཱ་ལྔ་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་བ་བྱེ་བ་འགྲངས་པ་མང་པོ་འདས་པ་ནས། བདུད་བྱེ་བ་རབ་ཏུ
261a3 བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་འདུལ་བའི་དབང་གྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིད་སྟོནད་པ་ལྟ་བུར་བཅོས་པ་ལེགས་པར
261a4 བཟོང་བར་ཡང་འགྱུར་རོ།། ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དྲེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་རོལང་པའི
261a5 གབང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ།། སངས་རྒྱས་ཐམ་ས་ཅད་ཀྱི་ཡུལ་བསམ་གྱིས་ཀྱི་ཁྱབ་པ་མཚུངས་པ་མྱེད་པ། དཔེའ་སྐྱེད་པ། གྲངས་མྱེད་པ། དཔག་ཏུ་མྱེད་པ་། བཟང་བ་ལས་འདས
261a6 པལ་འབྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྙིང་ཆེར་སྙིང་པོ་བསམ་ཀྱིས་མྱི་ཁྱབ་པར་འགྲོ་བར་འཇུག་པ་ལ་གནས་པའི་རྔམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིནད་དེ་དང་ལྡན
261a7 བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིནད་ཀྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛི་དང་ཡང་དག་པར་སྩོགས་པར་ཡང་ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སྩོགས་པར་ཡང
261a8 འགྱུར་རོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མྱི་བ་ཞིང་། ཡིད་གཉིས་མྱེད་དེ་ཐེ་ཙོམ་ཟ་བར་ཡང་མྱི་འགྱུར་རོ།། ཀྱི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མྱི་འགྱུར་རོ།། ཚེ་རབས་དྲད་པར་ཡང་འགྱུར་རོ།།
261a9 འཆར་བའི་ལས་ཀྱི་ཞི་གི་རྒྱ་མཚོའི་མེད་པར་ཡང་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་བ་མཀྱིལ་པ་མ་ཡང་སངས་རྒྱལ་མཐོང་བ་དང་བྲལ་བར་ཡང་གྱི་འགྱུར་མོ།། སྔ་མ་བཞི་དུ་གྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་སུས