e-texts navigator
Collection
Volume
Page
Wylie

260b1 འགྱུར་རོ།། ལས་ལ་བརྟོན་པར་འགྱུར་གི། བཀྲ་ཤིས་དང་། དགེ་མཚན་ལ་རྟེ་རང་བར་ཡང་མྱི་འགྱུར་རོ།། སྲོག་གཅོད་པར་བྱེད་ཀྱང་སྲོག་གཅོད་པ་སྤངས་པར་ཡང་འགྱུར་རོ།། མེ་ཏོག་འཕྲེང་དང་། སྤོས་དང་། བྱུག་པ་དང་། ཕྱེ་མས
260b2 གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་། ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱོད་ཀྱང་ཤི་ནད་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ།། སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་།
260b3 བརྫུན་ཚིག་དང་། ཆང་ཐུང་བ་ལས་སྩོགས་པ་ལ་བསྟེནད་ཅིང་ལས་རྣམས་བྱེད་ལ།། བུ་དང་ཆུང་མ་རྣམས་སྟོན་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར་རོ།།
260b4 དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྗེད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་པར་བྱ་བའི་སྲས་སུ་ཡང
260b5 འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་གཟོ་བའི་བགོ་སྐལ་ལ་སྤྱོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།།
260b6 སངས་རྒྱས་ཐོས་ཅད་དང་ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་བ་རྣམ་པ་མང་པོ་ལུང་བསྟནད་པའི་ཡུལ་ལ་སྤྱིས་པཆན་པའི་རྒྱལ་པོར་ཡང་འགྱུར་རོ།། སངས
260b7 རྒྱས་ཀྱི་གསང་བའི་ཆོས་སྟོནད་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས
260b8 མྱེད་པ་དང་། དྲི་མ་མྱེད་པ་དང་། འཇིགས་པ་མྱེད་པའི་གསང་བ་རྣམ་པ་མང་པོའི་ཆོས་པའི་རང་བཞིན་དག་ལ་རིན་པོ་ཆེར་ལྟ་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེཾས་ཅན་འདུལ་བའི་དབང་གྱིས་འདོད་ཆགས་དང་གཏ།
260b9 མུག་གིས་འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇིགས་པ་ཡང་དག་པར་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཡུན་རིང་པོ། བསྐལ་པ་བྱེ་བ་གྲངས་པ་མང་པོ་ནས་རྒ་ལ་ནས། ཉོན་མོངས་པའི་རྒྱ་མཚོ




iiif viewer powered by OpenSeadragon

260a - 261a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo