| e-texts navigator |
| Wylie |
260a1 འགྱུར་རོ།། བཏང་སྙོམས་ལ་གནས་པར་ཡང་འགྱུར་རོ་སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ།། སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ།།
260a2 ས་རྦ་སྟང་པ་མ་ཡིན་པ་འ་ཆས་རྣམས་ལ་སྣང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ།། སངས་རྒྱས་ཀྱི་ཆོས་ཀྱི་དད་རྟགས་སྨྲ་བར་ཡང་འགྱུར་རོ།། སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་རོ།། གཙང་བར་ཡང་འགྱུར་རོ།།
260a3 གཙང་མས་ཕྱུག་པར་ཡང་འགྱུར་རོ།། ཡོན་ཏན་ཀྱིས་ཕྱུག་པར་ཡང་འགྱུར་རོ།། ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། དབྲོག་ཏུ་མྱེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ།།
260a4 སྐྱེ་བོ་དབུལ་པོ་སྤོང་བ་ལས་སྩོགས་པ་ལ་གཏེར་ལྟ་བུར་ཡང་འགྱུ་ར་རོ།། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྤོ་དད་པ་མྱེད་པའི་ཆོས་རྣམས་སྟོནད་པ་ན་མྱི་སྐྲག་མྱི་དངར་ཞིང་དངང་པར་ཡང་མྱི
260a5 འགྱུར་རོ།། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་རོ།། རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་དོན་ཏུ་མྱི་གཉེར་བར་ཡང
260a6 འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་བསྡུས་ནས་དམ་པའི་ཆོས་ལ་འགོད་པར་ཡང་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་གཡོ་སྒྱུ་དང་ལྡན་པ་རྣམས་ལ་ཐོག་ཏོག་ལྟ་བུར་ཡང་འགྱུར་རོ།། དེ་བཞིན
260a7 གཤེགས་པ་ལ་བྱས་པ་མྱི་གཟོ་བ་རྣམས་བྱས་པ་ག་ཟོ་བ་ཡང་དག་པར་སྦྱོར་བར་ཡང་འགྱུར་རོ།། མུ་སྟེགས་ཅན་གི་གནས་ཐམས་ཅད་དུ་མྱི་འཕྲོགས་པར་འགྱུར་ཞིང་སླར་དེ་ལ་ཐབས་དང་ལྡན་པར་ཡང་འགྱུར་རོ།། དགེ
260a8 སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུགས་རྡུགས་སུ་མྱི་ཆུད་ཅིང་སླར་དེ་ལ་ཐབས་ཀྱིས་རྟོན་པར་ཡང་འགྱུར་རོ།། མུ་སྟེགས་ཅན་གི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན
260a9 བར་མྱི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་འདུནད་པར་བྱེད་པར་ཡང་འགྱུར་རོ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེནད་པར་མྱི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་ཡང་དག་པར་རྟེནང་ཟ་ལྟ་བུར་ཡང