e-texts navigator
Collection
Volume
Page
Wylie

259a1 མུན་ནག་བསལ་བའི་ཕྱིར་སྒྲོན་མ་ལྟ་བུར་ཡང་འགྱུར་རོ།། སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་རོ།། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པ།
259a2 མྱི་འགྱུར་བའི་ཕྱིར། བར་སྣང་ལྟ་བུར་ཡང་འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མྱི་གནས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང་སྟོབས་དང་ཡེ་ཤེས་དང་ལྡན
259a3 བའི་ཕྱིར། ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་དྲ་པའི་ཉི་མ་ལྟ་བུར་ཡང་འགྱུར་རོ།། ལེགས་པར་སྨྲས་པ་ཡང་དག་པར་བླང་བའི་ཕྱིར་གཞན་གི་དྲིང་མྱི་འཇོག་པར་ཡང་འགྱུར་རོ།། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར་རྒྱ
259a4 མཚོ་རུག་ཅན་པ་ལྟ་བུར་ཡང་འགྱུར་རོ།། དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ།། གཏི་མུག་གི་མུན་པ་སེལང་བའི་ཕྱིར་ཉི་མ་ལྟ་བུར་ཡང་འགྱུར་རོ།། ཉོན་མོངས་པས་འཁོར་བ་ལ
259a5 མངོན་པར་འཇུག་ཅིང་འགྲོ་བའི་ཚེ་བར་སྣང་ལྟ་བུར་ཡང་འགྱུར་རོ།། དེ་དང་དེ་མངོན་པར་རྟོགས་པས་པད་མ་ལྟ་བུར་གོས་པ་མྱེད་པར་ཡང་། འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མྱི་གནས
259a6 པར་ཡང་འགྱུར་རོ།། ཆོས་ཐམས་ཅད་ལ་ངེས་པར་འབེབས་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཟེར་ཟུག་པ་དང་། བརྟད་པ་ཐོས་ན་མྱི
259a7 གཡོལ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ།། དེ་བཞིརན་གཤེགས་པའི་རིགས་དང་རྒྱུང་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འི་དུ་རྱ་ལྟ་བུ་ཡང་འགྱུར་རོ།། ཉོར་མོངས་པའི་རྙོག་པ་སེལ་བའི་ཕྱིར། རྒྱ་མཚོ་དུག་ཅན་པའི་གསེར
259a8 ཤི་ཕ་བོང་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པའི་རང་བཞིན་མཐོང་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་ལས་མྱི་གཡོ་བའི་ཕྱིར་རི་ལྟ
259a9 བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་མྱི་འདའ་ཞིང་ཆོས་ནུབ་པར་མྱི་འགྱུར་བ་ཐོས་ན་གཡོའ་བའི་ཕྱིར་སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་རོ།། ཡང་དག་པ་མཐོང་བའི་ཕྱིར་སེམས་བརྟན་ཞིང་གནས




iiif viewer powered by OpenSeadragon

258b - 259b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo