e-texts navigator
Collection
Volume
Page
Wylie

246b1 དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་རེ་ལོ་ས་མཐོང་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུར་གྱི་བྱེད་པའི་སྐུ་ཡིན་ནོ།། ཞེས་ཡང་དག་པ་མཐོང་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ
246b2 ནི་རུས་མ་ཡིན་ཞིང་ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ། རྒྱུས་པ་མ་ཡིན་ནོ།། ཞེས་སྟོང་པ་ཉིད་དུ་སྨྲ་བར་འགྱུར་རོ།། དེ་བཞིར་གཤེགས་པའི་ཆོས་བསྟནང་བ་ནི་འབྲས་བུ་ཡོད་པ་ཡིན་ནོ་ཞེས་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུ
246b3 དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མྱེད་པར་འགྱུར་བ་མྱེད་དོ་ཞེས་མྱེད་པར་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ་ནི་གཏན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མྱེད་དོ་ཞེས་གསལ་བར
246b4 སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཉམས་པ་མྱེད་དོ་ཞེས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་བསྟན་པ
246b5 ལ་ནི་ནུབ་པར་འགྱུར་བ་མྱེད་དོ་ཞེས་ནུབ་པར་མྱི་འགྱུར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་དང་། རྒྱུད་དག་ཅིང་ཡོངས་སུ་དག་ལ་དྲི་མ་མྱེད་པས། བྱང་ཆུབ་སེམས་དཔའ་ན
246b6 ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ་ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འ་གྱུར་རོ།། རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་འགྱུར་རོ།། འཁོར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། འཁོར་བའི་ཆེར
246b7 དུ་རྒྱ་མཚོར་ཡང་འཁོར་བར་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་ལ་དམྱིགས་པར་འདོད་པར་ཡང་འགྱུར་རོ།། རྟག་ཏུ་ཉོན་མོངས་པ་ལ་སེམས་དཔར་ཡང་འགྱུར་རོ།། ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང
246b8 འགྱུར་རོ།། ཉོན་མོངས་པའི་སྒོ་རྣམ་པ་སྣ་ཚོགས་ཐོབ་པ་ལ་དད་པ་ཐོབ་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ།། ལས་ཐམས་ཅད་ཀྱི
246b9 བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པ་ལྟ་བར་ཡང་འགྱུར་རོ།། སངས་རྒྱས་ཀྱི་རྟག་པ་ཉིད་ལ་ཡང་སོམ་ཉི་མྱི་ཟ་ཞིང་ཡིད་གཉིས་མྱེད་ལ། ཐེ་ཙོམ་ཟ་བར་ཡང་མྱི་འགྱུར་རོ།། འཁོར་བ་ལ་མངོན་པར་དགའ་བར




iiif viewer powered by OpenSeadragon

246a - 247a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo