e-texts navigator
Collection
Volume
Page
Wylie

245b1 དེ་ཁོ་ན་དྲག་ཅིང་མྱི་བཟད་པའི་རྒྱུ་ནད་ཀྱི་ཆར་ཀྱི་ཚོགས་ཀྱིས་ཉོན་མོངས་པའི་སྦུབས་ཀྱི་ལམ་རབ་ཏུ་སེལ་པའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་དབབ་ཏུ་གསོལ།། སེམས་ཅན་ཐམས་ཅད་མངོན་སུམ་དུ་དེ་བཞིན་གཤེགས་པའི
245b2 རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་སྒྲའི་ཚིག་གི་བཅུད་ཀྱི་རོ་དངར་བ་བཞི།། རོ་ཤིན་ཏུ་གདའ་བ་ཐམས་ཅད་དང་ལྡན་པའི་ཆོས་ལ་སྤྱོད་པར་མཛད་དུ་གསོལ།། སྔར་གསུངས་པའི་ཚིག་སྨོས་པ་རྣམ་པར་སྦྱོར
245b3 བར་བགྱིད་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། སྤྲིན་ཆེན་སྙིང་པོ་ལེགས་སོ།། ལེགས་སོ།། འདི་ལྟ་བུའི་སྤྲིན་ཆེན་པོ་དང་ར་བ་བཞི་རོ་ཐམས་ཅད་དང་འདྲེས་པའི་ཆར
245b4 རྟག་ཏུ་འབེབས་པར་འདོད་པས་ནི་སྤྲིན་ཆེན་པོ་རྡོ་རྗེའི་མདོ་གཟུང་བར་བྱའོ།། གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ།། ཤི་ནང་ཏུ་དགའ་བ་ཡང་བསྐྱེད་པར་བྱའོ།། དེ་ལ་མངོན་པར་བརྩོན་པར་ཡང་བྱའོ།།
245b5 སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་སྙིང་པོའི་མདོལ་ལས་རྣམ་པར་བ.རད་པ་བ། སམ་གྱིས་མྱི་ཁྱབ་པ་ལགས།། རིངན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ཏིང་ངེ་འཛིན
245b6 གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའ་ལ། ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིནད་ཡོད་དེ།། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེཾས
245b7 དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིནད་ཀྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་སྩོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོ་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སྩོགས་པར་ཡང
245b8 འགྱུར་རོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མྱི་ཟ་ཞིང་ཡིད་གཉིས་མྱེད་དེ།། ཐེ་ཙོམ་ཟ་བར་ཡང་མྱི་འགྱུར་རོ།། མྱི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མྱི་འགྱུར་རོ།། ཚེ་རབས་དྲན་པར་ཡང
245b9 འགྱུར་རོ།། འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་འགྱུར་རོ།། ཚེ་རབས་ཐམས་ཅད་དུ། ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་བྲལ་བར་ཡང་མྱི་འགྱུར་རོ།། དེ་དག་གི་དགེ་བའི་ཆོས་རྣམས་ལ




iiif viewer powered by OpenSeadragon

245a - 246a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo