e-texts navigator
Collection
Volume
Page
Wylie

245a1 དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། དམ་པའི་ཆོས་བཏན་པའི་སྤྲིན་ཆེན་པོའི་མདོའི་ཚིག་སྤོས་པ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནིམ་ལ་ལ
245a2 ངོ་མཚར་རྨད་དུ་བྱུང་བ་ལགས་སོ།། བཅོམ་ལྡན་འདས་ཨ་ལ་ལ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མྱི་ཁྱབ་སྟེ།། ཆོ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པ་སེམས། ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུརྡ་པ་ལགས་སོ།།
245a3 སྤྲིན་ཆེན་པོའི་མདོའི་བཤད་པ་ན།། སྤྲིན་ཆེན་པོའི་ཚོགས་ཀྱིས་རིན་པོ་ཆེ་ཐམས་ཅད་དང་།། བཅུད་ཐམས་ཅད་ཀྱིས་རྒྱས་པའི་ཆར་གྱི་རྒྱུན་གྱི་ཚོགས་བདུད་ཅིའི་སྒྲ་ལས་བྱུང་བ་རྣམས་ཀྱིས།། བདུད་རྩིའི་ཆར་ཆེན་པོ་རབ་ཏུ
245a4 ཕབ་པོ།། ཨ་ལ་ལ་དེ་བཞིན་གཤེགས་པ་ནི་བསམ་གྱིས་མྱི་ཁྱབ་སྟེ། ཡུལ་བསམ་གྱིས་མྱི་ཁྱབ་པའི་མདོའ་ཤི་ནད་ཏུ་ལེགས་པར་ག། སུངས་སོ།། ཨ་ལ་ལ་སེམས་ཅན་ཐམས་ཅད་ནི་བསོད་ནམས་བགྱིས
245a5 པ། ལགས་སོ།། ཨ་ལ་ལ་བསོད་ནམས་ཀྱི་རྣམ་པར་སྨྱིནད་པ་ནི་བསམ་གྱིས་མྱི་ཁྱབ་སྟེ།། སེམས་ཅན་རྣམས་ལྷའི་བདེ་བའོ།། ལོངས་སྤྱོད་དང་།། ཡོངས་སུ་སྤྱད་པ་ལ་ཡོངས་སུ་སྤྱོད་དོ།། དེ
245a6 རིང་སེམས་ཅན་ཐམས་ཅད་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་གྱུར་ཏོ།། སྤྲིན་ཆེན་པོའི་མདོའི་གཏེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མྱི་ཟད་པའི་གཏེར་དུ་གྱུར་པ།། བཅོམ་ལྡན་འདས་ཀྱིས་བཤད་དུ
245a7 གསོལ།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བཏན་བ་དང་། ཞི་བ་དང་། མཚན་ཉིད་མ་མཆིས་པའི་ཆར་བཅོམ་ལྡན་འདས་ཀྱིས་དེ་རིང་དབབ་དུ་གསོལ།། སྙིང་ཆེན་པོའི
245a8 མདོའ་ལས། ཏིང་ངེ་འཛིདད་དང་། གཟུངས་ཀྱི་ཆུས་རྒྱས་པའི་ཆོས་ཀྱི་སྤྲིན་གྱི་ཆོས་ཅི་ག་ཏུ་ཁོར་བའི་ཉོར་མོངས་པའི་ཚོགས་ཀྱི་ནམ་མཁའི་དཀྱིལ་དུ་སྒྲོགས་ཤིག། དེ་བཞིན་གཤེགས་པརྟག་པའི་སྒྲའི་ཚིག་རྣམས་འབེབས།
245a9 བུར་བུམ། ཆེམ་ཆེས་ཞིང་མཆིས་ལ། དམ་པའི་ཆོས་ནུབ་པར་མྱི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་མྱི་འགྱུར་བ། དེ་བཞི་གཤེགས་པའི་སྡེམ་པོ་ངག་གི་སྲོག་སྟོན་ཏེ། རྟས་པའི་སྒྲའི་བཅུང་མ་མ་ས




iiif viewer powered by OpenSeadragon

244b - 245b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo