| e-texts navigator |
| Wylie |
244b1 xxx
244b2 ནི་ངན་འགྲོར་མཆི།། མ་འཚལ་པ་ནི་ཀྱེ་རེ་མཚར་།། བདག་གིས་ཡུན་རིང་འཁོར་བ་བགྱིས།། ཡོངས་སུ་མྱ་ངན་འདའ་མཛད་སྙམ།། སེམས་པ་མར་མྱེའི་ནང་དག་ཏུ།། ཕྱེ་མ་ལེབ་ནི་མཆོད་པ་བཞིན།། བཅོམ་ལྡན་དམ
244b3 ཆོས་དེ་བཞིན་དུ།། ཡོངས་སུ་མྱ་ངན་འདའ་གྱུར་ད་སྙམ།། དེ་ལྟར་སེམས་པར་བགྱིད་པ་ཡི།། ལྷར་བཅས་འཇིག་རྟེན་འཁོར་བར་འགྱུར།། དེང་བདག་ཡང་དག་མཚན་མཐོང་བ།། ཀྱེ་མ་རྙེད་ཆེན་ལེགས་པར་རྙེད།། ཁྱེད་ཀྱི་ཞལ
244b4 མཆོག་གཟི་བརྗིད་ཀྱིས།། དམ་ཆོས་ཚིག་སྤོས་རྒྱ་མཚོ་ཐོས།། སྨོན་ལ་མ་བཏབ་ཅིང་བསྒྲུབས་པ་དེས།། དི་རིང་བདག་གྱིས་བདུད་རྩི་འཚལ་ད།། བགྱི་བ་ཆེན་པོའི་སོ་སོའི་ལས།། དི་རིང་བདག་གིས་བསྟེནད་པ་བགྱིས
244b5 བདག་གྱིས་དེ་རིང་ནད་ཞི་ཞིང་།། ནད་ཀྱི་གནོད་པ་མ་མཆིས་ལ།། དེ། རིང་བདག་ཀྱིས་གདུང་བ་བསྲབས།། མཆོག་ཏུ་ཡང་ནི་བདེ་བར་འགྱུར།། འཇིག་རྟེན་ཀུན་ལ་ཐུགས་བརྩེ་བ།། བཅོམ་ལྡན
244b6 སངས་རྒྱས་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་བདེ་བསྒྲུབས་པ། སངས་རྒྱས་བཅོམ་ལྡན་འདས་པ་ཡིས།། ནད་རྣམས་མ་ལུས་མཛྲད་པར་གསོལ།། དམ་ཆོས་བརྟན་པའི་ཚུལ་གྱི་གཏེར།། སེམས
244b7 ཅར་དབུལ་པོ་རྣམས་ཀྱི་རི།། མྱི་ཟད་པའི་བདུད་རྩི་གཏེར།། བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ།། རྣམ་པར་སྤྱོད་པའི་ཆོ་ག་ཡི།། ལས་ཀྱི་ཚིག་ནི་སྨོས་པ་རྣམས།། བཅོམ་ལྡན་འདས་རྒྱས་རྒྱས་པར་མཛོད།། རྟག
244b8 ཅིང་བརྟན་པའི་འདུ་སྟོང་ལ།། སེམས་ཅན་མང་པོ་དགོད་པར་གསོལ།། སྤྲིན་ཆེན་སྙིང་པོའི་མདོ་ལས་ལྷ་ཐམས་ཅད་འདུས་པ་ཞེས་བྱ་སྟེ། ཕུང་པོ་དང་པོའི་ལེའུ་རྫོགས་སྷོ།།
244b9 xxx