| e-texts navigator |
| Wylie |
244a1 བཞུགས་ནས།། དམ་ཆོས་སྤྲིན་གྱི་མདོ་མཆོག་སྟོན་པར་མཛད།། དེ་རིང་ཆོས་ཚོགས་མང་ལ་བྱིན་གྱིས་རློབ།། སྐུ་ཡང་མང་ཞིང་གཟུགས་མང་བའི།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། སྟན་རྣམས་ཀུན
244a2 མ་བཞུགས་ནས་ཀྱང་།། ཀྱོང་ནི་ཆོས་འདི་སྟོ་དང་པ་མདང་།། ལྷའི་ལྷ་ལ་བདག་དང་ནས།། བདག་ཅག་རི་རིང་སྐྱབས་སུ་མཆིས། ཁང་པར་གནས་པའི་ལྷ་ཀུན་མི།། ཀྱེས་གྱི་རྟག་མྱི་བཏང་དོ།། སྐྱབས་མ་མཆིས་ཤིང
244a3 མགོན་མ་མཆིས།། བསོད་ནམས་ཆུང་ཞིང་སྡིག་པར་བཅས།། ཀླུང་རྣམས་རྒྱ་མཚོར་འདུ་བ་ལྟར།། ལྷ་རྣམས་ཐམས་ཅད་ཁྱོད་ལ་བརྟེན།། སྐྱབས་མྱེད་རྣམས་ཀྱི་སྐྱབས་ལགས་ཏེ།། དེ་བས་ཐུབ་ཆེན་རྟག་པ་ལགས།།
244a4 མགོན་མྱེད་རྣམས་ཀྱི་མགོན་ཡང་ཁྱོད།། གཉེན་མྱེད་རྣམས་ལ་རབ་གཉེན་བ།། བརྟན་པའི་གནས་ན་བཞུགས་པ་སྟེ།། དེ་བས་མྱི་གཡོ་བརྟན་པ་ལགས།། ཀུན་གྱི་རྟེན་ཆེན་གྱུརྡ་པ་སྟེ།། སྨན་པ་ཐེར་ཟུག་བདག་ཉིད
244a5 ཆེ།། ནད་ཀྱིས་ཐེབས་པའི་སེམས་ཅན་རྣམས།། ལེགས་སྤྱོང་ཆེ་བའི་བདག་ཉིད་ཅན།། བཅོམ་ལྡན་ལྷ་ཁྱོད་བསམ་མྱི་ཁྱབ།། དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ།། ལྷའི་ལྷ་སྟེ་ལྷ་ཆེན་པོ།། འཇིག
244a6 ཏེ་ཤུན་དང་འཐུང་བར་འདུག། དཔའ་བོ་ཆེན་པོ་གསང་བའི་གསང། གསང་བའི་ཆོས་ནི་རབ་སྟོ་དཔ།། ཏིང་འཛིནང་གཟུངས་ཀྱི་རྒྱལ་པོ་སྐྱེ།། དེ་བཞིན་གཤེགས་པ་དེ་དཔོར་ལགས།། བྱང་ཆུབ་སེམས
244a7 དཔའ་གཟིའ་ཆེན་གྱིས།། མཚུངས་མྱེད་དཔག་གྱིས་མྱིང་ལང་བ།། རྟག་པའི་ཟླ་བ་ཡོངས་སུ་བསྐོར་བ།། དཔེའ་གྱེད་བསྐལ་བ་བྱེ་མང་མཛེས།། ཁྱེད་ཀྱི་ཡོན་ཏར་བཀྲང་ཡས་འདས།། རིན་ཅེར་འབྱུང་གནས་དེ་བཞིན་གཤེགས
244a8 དཔལ་ཆེན་གཟི་བརྗིད་རྟག་པ་སྟེ།། བསམ་ཡས་སྟོབས་ཀྱི་རྒྱལ་པོ་ལགས།། སེམས་ཅན་ཀུན་ཕར་བསམ་གྱི་ཁྱབ།། ཀུན་ལ་བྱམས་ཤིང་ཐུགས་བརྩེ་བ།། ཐབས་སྲས་སྒྲ་གཅན་ཟིན་བཞིན་དུ།། སེམས་ཅན་ཀུན་སྙོམས་བྱས
244a9 བར་དགོངས།། དེ་རིང་མཉམ་གྱུར་ང་མཉམ་པར་གཟིགས། མཐུ་ཆེད་སྟོབས་ཀྱང་ཆེ་བ་ལགས།། མྱི་ཤེས་སྲིད་པའི་མཚོ་ཆེན་ལས།། དེ་ཁྱོད་བདག་ནི་བསྒྲལ་དུ་གསོལ།། བདག་ཅག་ཀུན་གྱིས་བཟོད་པ་གསོལ།། དེ་བཞིན་གཤེགས་པས